ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་གྱི་སྒྲོག་འགྲེལ་པ་གསོ་སྦྱོང་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་གཞི་རིམ་གྱི་སྒྲོག་འགྲེལ་པའི་ལས་སྒོའི་གསོ་སྦྱོང་ཚོགས་འདུ་འཚོགས་པ་རེད།

གསོ་སྦྱོང་ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས་ཤིང་། འཆད་ཁྲིད་དགེ་རྒན་ཚོས་ཕུན་སུམ་ཚོགས་པའི་ལོ་རྒྱུས་དཔྱད་ཡིག་དང་། ཁུངས་བཙན་པའི་གྲངས་གཞི། གསོན་ཉམས་དོད་པའི་གྱོད་དཔེ་བཅས་དང་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་གཞི་རིམ་སྒྲོག་འགྲེལ་པར་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ་བཅས་ཀྱི་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་པ་ཚོས་གཟབ་ནན་ངང་ཉན་པ་དང་། བསམ་བློ་ནན་ཏན་གཏོང་བ། ཟིན་ཐོ་ནན་ཏན་འགོད་པ་བཅས་བྱས་ནས་གོམ་སྟབས་རྗེས་མའི་སྒྲོག་འགྲེལ་ལས་དོན་ཡག་པོ་སྤེལ་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་འདིང་བ་དང་སྒྲོག་འགྲེལ་གྱི་ཉམས་མྱོང་གསོག་འཇོག་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།