ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་བཏང་གཏན་ནས་མིན་པའི་ལོ་ཟླ། དབྱར་མཚོ་རྒྱས་པ་ལྟར་གྱི་འཕོ་འགྱུར།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— སྙན་རོང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་བཀོད་པ།

འདི་ནི་སྙན་རོང་རྫོང་གི་གྲོང་ཁུལ་རྣམ་པ་ཡིན་པ།

འདི་ནི་སྙན་རོང་རྫོང་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་གི་ལས་དོན་མི་སྣས་ཕྱུར་བ་སྐེམ་བཞིན་པ།

སྤྱིར་བཏང་གཏན་ནས་མིན་པའི་ལོ་ངོ་བཅུར་བཀའ་དྲིན་ཚོར་བཞིན་འབད་འབུངས་བྱེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག སྙན་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་ཁྱད་བསད་དང་འབད་འབུངས་ཡར་བརྩོན་བྱས་ནས། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་འོས་པའི་བྱས་རྗེས་རླབས་པོ་ཆེ་མང་པོ་བཞག་ཡོད།

ལོ་བཅུའི་རིང་། སྙན་རོང་རྫོང་གི་དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་2012ལོའི་ལོ་མཇུག་གི་སྒོར་དུང་ཕྱུར་3.41ནས་2021ལོའི་ལོ་མཇུག་གི་སྒོར་དུང་ཕྱུར་11.24བར་འཕར་ནས་ལྡབ་3.3འཕར་བ་དང་ལོ་རེར་ཆ་སྙོམས་14.15%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་2.93ནས་སྒོར་དུང་ཕྱུར་5.84བར་མང་དུ་སོང་སྟེ་ལྡབ་2ཙམ་འཕར་བ་དང་ལོ་རེར་ཆ་སྙོམས་9.93%འཕར་ཡོད། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཀྱི་ཡོང་འབབ་སྒོར་ཁྲི་572ནས་སྒོར་ཁྲི་2322བར་འཕར་ནས་ལྡབ་4འཕར་བ་དང་ལོ་རེར་ཆ་སྙོམས་16.85%འཕར་ཡོད། ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི་680.94ནས་སྒོར་ཁྲི་2091བར་འཕར་ནས་ལྡབ་3འཕར་བ་དང་ལོ་རེར་ཆ་སྙོམས་13.27%འཕར་ཡོད།

ལོ་བཅུའི་རིང་། སྙན་རོང་རྫོང་གི་གནད་སྨིན་དབུལ་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2013ལོར་གནད་སྨིན་དབུལ་སྐྱོར་བྱེད་འགོ་ཚུགས་ཚུན། ལོ་བརྒྱད་རིང་གནད་སྨིན་དབུལ་སྐྱོར་དང་ལོ་ལྔའི་རིང་གཅིག་སྡུད་འགག་སྒྲོལ་བྱས་པ་བརྒྱུད། རྫོང་དབུལ་པོའི་དབུལ་ཞྭ་དུས་བཀག་ནང་ཕུད་པ་དང་། གྲོང་ཚོ་དབུལ་པོ་136དུས་བཀག་ནང་དབུལ་སྒྲོལ་བྱུང་བ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་དུད་ཚང་2565ཡི་མི་11609ཚང་མ་དབུལ་སྒྲོལ་བྱུང་ནས། དབུལ་པོ་ཐོན་ཚད་0%བར་ཆག་པ་དང་མང་ཚོགས་ཀྱིས་ཁས་ལེན་བྱེད་ཚད་དང་མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། ཡིག་ཚགས་དང་གཱ་བཟོས་པའི་མི་རེའི་ཆ་སྙོམས་ཡོང་འབབ་2016ལོའི་སྒོར་3532.9ནས་2021ལོའི་སྒོར་11343.7བར་འཕར་ཏེ། དབུལ་པོ་དབུལ་རྐྱང་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོའི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་པ། 2016ལོ་དང་2017ལོ་གཉིས་བསྟུད་མར་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཕུལ་བྱུང་རྫོང་ལ་བདམས་པ་བཅས་རེད།

སྙན་རོང་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པས། དམངས་འཚོའི་བྱ་གཞག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཞིང་། ལོ་བཅུའི་རིང་། འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་0.47ནས་སྒོར་ཁྲི་1.25བར་འཕར་ཏེ་ལྡབ་3ཙམ་འཕར་བ་དང་། འབྲོག་པ་མང་ཚོཌ་ཀྱི་འབབ་འཕར་ཐད་སྣ་མང་ཅན་གྱི་རྣམ་པ་བཟང་པོ་མངོན་ནས། “ངས་འབབ་འཕར་ཡོང་བར་བརྩོན་པའི”རང་རྟོགས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད། “ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ། ཚན་རིག སློབ་གསོ། རིག་གནས། འཕྲོད་བསྟེན། འཕྲོད་སྦྱོར”སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཕྱོགས་ཡོངས་ནས་བསལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་བཞིན་ཡག་ཏུ་ཕྱིན་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཕྱོཌ་གང་ས་ནས་མངོན་གྱི་ཡོད། རྒྱལ་ལམ་345སྙན་རོང་རྫོང་ཁོངས་ཀྱི་འཕྲེད་དུ་ཆགས་པ་དང་གྲོང་གསེབ་ཀྱི་འགྲོ་ལམ་དེ་བས་མང་བ་བྱེ་རྡོའི་ལམ་དང་འདམ་རྫབ་ལམ་ནས་སྣུམ་ནག་ལམ་དུ་གྱུར་ཡོད། གྲོང་གསེབ་ཏུ་བདེ་འཇཌ་འཐུང་ཆུའི་ལས་གྲྭ་ཁྱོན་ཡོངས་ལ་ཁྱབ་སྟེ་འབྲོག་པ་མང་ཚོགས་ཚོ“དགུན་དུས་འཁྱགས་ཆུར་བརྟེན་པ་དང་དབྱར་དུས་ཡུར་བུའི་ནང་གི་ཆུ་འཐུང་བའི”འཚོ་བ་སྐྱེལ་མཇུག་འགྲིལ་ཡོད། གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭར་སྐུལ་འདེད་གཏིང་ཟབ་བཏང་བས། མང་ཚོགས་མང་ཆེ་བར་བདེ་འཇགས་ལྡན་པའི་གློག་བརྟན་པོ་སྤྱོད་རྒྱུ་བྱུང་བ་དང་། ཁྱིམ་སྤྱོད་གློག་ཆས་བེད་སྤྱོད་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། སྒྲིག་ཚུད་གྲོང་ཚོར་སྒུལ་བདེ་དང་གློག་འཕྲིན་གྱི་བརྡ་རྟགས་ཁྱབ་ཚད་100%དང་98%སོ་སོར་ཟིན་ནས། དྲ་ཐོག་དང་དྲ་ཕྱིའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད། རིམ་པ་དེ་གའི་ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས་35%ཡས་མས་ཟིན་ནས་། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་རྒྱལ་ཁབ་ཀྱི་ཁས་ལེན་སྔོན་ལ་ཐོབ་པ་དང་བྱང་ཚད་སློབ་གསོར་རང་སྐྱོང་ལྗོངས་ཀྱིས་ཞིབ་དཔྱད་གཏན་འཁེལ་བྱེད་པའི་ལས་དོན་སྔོན་ལ་ལེགས་གྲུབ་བྱུང་ཡོད།

འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པའི་ངོས་ནས། འབྲོག་ལས་ཐོན་ལས་དང་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་རྒྱུ་ནི་སྙན་རོང་རྫོང་གི་ཁྱད་ཆོས་ཆེ་ཤོས་ཤིག་རེད། ལོ་བཅུའི་རིང་། སྙན་རོང་རྫོང་གིས་འབྲི་གཡག་གཙོ་བོར་བྱེད་པ་དང་ལུག་ཕལ་པར་བྱེད་པའི་འབྲོག་ལས་ཐོན་ལས་མ་ལག་འཛུགས་རྒྱུའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། “ཅན་དྲུག”གི་བྱ་ཐབས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་བརྟེན་ནས་འབྲོག་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་འཆར་གཞི་ལག་བསྟར་ཤུཌ་ཆེན་བྱས་ཡོད། འབྲོག་པའི་མཉམ་ལས་ཁང་དང་འབྲོག་ལས་ཁེ་ལས་སོགས་གཉེར་སྐྱོང་བྱེད་པོ་གསར་པ་ཟམ་མི་ཆད་པར་ཐོན་ཏེ། ཐོན་ལས་རྩ་འཛུགས་དེ་སྔའི་44ནས་མིག་སྔའི་ཐོན་ལས་རྣམ་གྲངས་50དང་མཉམ་ལས་རྩ་འཛུགས་124བར་འཕེལ་རྒྱས་ཕྱིན་པ་དང་། སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་4དང་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་མཉམ་ལས་ཁང་2སྐྱེད་སྲིང་བྱས་ཡོད། འབྲི་གཡག་རྒྱགས་གསོ་དང“གསེར་ནོར”ཚན་རྩལ་དཔེ་སྟོན་སོགས་ལས་གྲྭར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྷག་པར་དུ་དུས་ཚིགས་ལྡོག་པའི་གསོ་ཚགས་བྱས་པ་བརྒྱུད། འབྲི་གཡག་གི་ཆ་སྙོམས་ལྗིད་ཚད་རྒྱ་མ་139དང་ལུག་གི་ཆ་སྙོམས་ལྗིད་ཚད་རྒྱ་མ་39འཕར་ཏེ། “གནམ་ཆུ་བསྒུགས་ནས་ཕྱུགས་འཚོ་བའི”རྣམ་པར་འགྱུར་ལྡོག་ཕྱིན་ནས། སྔ་རྗེས་སུ“ལྗོངས་ཡོངས་ཀྱི་འབྲི་གཡག་རྒྱགས་གསོའི་སྔོན་ཐོན་རྫོང”དང“ལྗོངས་ཡོངས་ཀྱི་འབྲི་གཡག་ཐོན་ལས་ཀྱི་སྔོན་ཐོན་རྫོང”གི་མཚན་སྙན་ཐོབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།