ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ལྷག་བསམ་ཟོལ་མེད་ངང་ལག་ལེན་བསྟར་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་རྒྱུན་མཐུད་ངང་འགན་འཁྲི་ནན་དུ་གཏོང་བ་དང་། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཆོད་སེམས་བརྟན་པོ་དང་སྤྱོད་ཚུལ་ནན་པོའི་ཐོག་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ཁག་དོན་འཁྱོལ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

བསམ་བློ་འཛུགས་སྐྱོང་བྱ་རྒྱུ་ནི་རང་རེའི་ཏང་འདི་ཉིད་ལོ་བརྒྱ་འཁོར་བའི་ཏང་ཆེན་པོ་ཞིག་ཡིན་པའི་ངོས་ནས་མཐུན་སྒྲིལ་གོང་བུ་གཅིག་ཏུ་འགྲིལ་བ་དང་། འཕེལ་ཆེར་གཏོང་བ། ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཐུབ་པའི་འགན་ལེན་གལ་ཆེན་ཞིག་ཡིན། བསམ་བློའི་ཐོག་བློ་གཅིག་སེམས་མཐུན་བྱས་ཚེ་གཞི་ནས་དམིགས་ཚད་ཐོག་བློ་ཁ་གཅིག་མཐུན་དང་བྱ་སྤྱོད་ཐོག་བསམ་སྦྱོར་གཅིག་མཐུན་ཡོང་ཐུབ།

2022ལོར་གོང་དཀར་རྫོང་གིས་ལོ་འཁོར་གྱི་གསོ་སྦྱོང་འཆར་གཞིའི་རེའུ་མིག་བཟོས་ནས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། ཧྲུའུ་ཅི་དང་པོ། སློབ་ཆེན་ཐོན་པའི་གྲོང་དཔོན། གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་ལས་ལས་མི། གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི། གྲོང་ཚོའི(གྲོང་ལྷན)ལས་དོན་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན་སོགས་ཀྱི་མི་སྣ་གསོ་སྦྱོང་བྱེད་ཁོངས་སུ་བཅུག་ནས། རྫོང་ཡོངས་ཀྱི་ཏང་ཡོན་ལ་རེས་སྐོར་གསོ་སྦྱོང་ཐེངས་གཅིག་བྱེད་པའི་དམིགས་ཚད་མངོན་འགྱུར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།