ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྣེ་གདོང་ཆུས་ཁྱུང་ལྡིང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་པ་སངས་སྒྲོལ་དཀར་གྱིས་དཀའ་ཚེགས་ཁྲོད་བུད་མེད་ཀྱི་ནུས་པ་འདོན་རྒྱུ་ཡིན་ཞེས་བརྗོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཁོང་གིས་ཐོག་མཐའ་བར་གསུམ་དུ་གདོང་མཆོང་བྱེད་ཀྱི་ཡོད་ལ། ཁོང་ནི་ང་ཚོ་རིམས་ནད་ལས་རྣམ་པར་རྒྱལ་བར་སྣེ་ཁྲིད་བྱེད་མཁན་ཞིག་ཡིན” འདི་ལོའི་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ནང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྱུང་ལྡིང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་པ་སངས་སྒྲོལ་དཀར་གྱི་བྱ་སྤྱོད་དངོས་ལ་མང་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད། བསྔགས་བརྗོད་ཀྱི་མདུན་དུ་ཁོང་གིས“རིམས་ནད་ཐོན་པ་ནས་བཟུང་། ང་ཚོའི་སྡེ་ཁུལ་གྱི་ལས་དོན་མི་སྣ་18ཀྱིས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་བརྟན་པོ་སྲུང་ཡོད། ངས་ཁོང་ཚོ་དང་མཉམ་དུ་སྒྲུབ་འོས་པའི་ལས་དོན་བསྒྲུབས་པ་ཙམ་ཡིན”ཞེས་བརྗོད་བྱུང་།

རིམས་ནད་འགོག་པའི་ཐད་པ་སངས་སྒྲོལ་དཀར་ལ་ཉམས་མྱོང་ཡོད་ཅིང་། 2020ལོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁྲོད་བྱས་རྗེས་མངོན་གསལ་དོད་པོ་བཞག་པར་བརྟེན། ཁོང་ལ“རྒྱལ་ཡོངས་ཀྱིས་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ཕུལ་བྱུང་ལས་དོན་པར”བདམས་པ་རེད།

ཁྱུང་ལྡིང་སྡེ་ཁུལ་གྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ཆེ་བ་དང་། ཕྱོགས་མི་མང་བ། ཚོང་ཁང་མང་བ་བཅས་ཡོད་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་དཀའ་གནད་ཆེན་པོ་ཡོད། “ཀླད་པ་དཀྲུག་ན་དཀའ་ངལ་ཚང་མ་སེལ་ཐུབ” པ་སངས་སྒྲོལ་དཀར་གྱིས“རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་པ་དང་ཆབས་ཅིག་ང་དང་སྡེ་ཁུལ་གྱི་ལས་དོན་མི་སྣས་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་དང་བསམ་བློའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བདེ་པོའི་ངང་ཁྱིམ་སྡོད་འགོག་སྲུང་ངང་འཚོ་བ་སྐྱེལ་ཐུབ་པ་བྱས་ཡོད། དེ་ནི་ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་མཆོག་གལ་ཆེན་ཡིན”ཞེས་བརྗོད་བྱུང་།

“རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལྷོད་གཡེང་དུ་མི་གཏོང་བར། ངེས་པར་དུ་དམ་འཛིན་དང་དམ་འཛིན་ཞིབ་ཚགས་བྱས་ནས་དོན་འཁྱོལ་བྱེད་དགོས། ཁོངས་གཏོགས་ཁུལ་དུ་ཞིབ་བཤེར་དང་གྲལ་བཤེར་ལས་དོན་ལྷོད་གཡེང་དུ་མི་གཏོང་བར། ངེས་པར་དུ་ཁྱིམ་ཚང་རེ་རེ་བྱས་ནས་གྲལ་བཤེར་ཐོ་འགོད་ཡག་པོ་བྱེད་དགོས། དུག་སེལ་གནད་ལ་འཁེལ་བ་དང་། ཚན་རིག་དང་མཐུན་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས་ལ་ཁུག་ཆ་མི་ལུས་པ་བྱེད་དགོས” པ་སངས་སྒྲོལ་དཀར་གཟུགས་པོ་ཆེན་པོ་མེད་པ་དང་སྐད་ཆ་ཤོད་སྐབས་སྐད་ཆུང་མོད། འོན་ཀྱང་ཁོང་གིས་སྐད་ཆ་བཤད་ཚེ་སྡེ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཁུ་སིམ་མིར་ཁོང་གི་བཀོད་སྒྲིག་ཉན་གྱི་ཡོད།

པ་སངས་སྒྲོལ་དཀར་གྱིས་ལོ་མང་འབད་བརྩོན་བྱས་པ་བརྒྱུད་མང་ཚོགས་ཁྲོད་སྙན་གྲགས་ཆེན་པོ་ཡོད། “ལོ་དེ་དག་ནང་ཧྲུའུ་ཅི་པ་སངས་སྒྲོལ་དཀར་གྱི་སྣེ་ཁྲིད་འོག་ང་ཚོ་དབུལ་སྒྲོལ་བྱུང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང” ཡིག་ཚགས་དང་གཱ་བཟོས་པའི་དེ་སྔའི་དུད་ཚང་དབུལ་པོ་བསོད་ནམས་སྒྲོལ་མས“ངར་དཀའ་ངལ་འཕྲད་སྐབས། ཁོང་གིས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དཀའ་གནད་ལས་སྒྲོལ་རོགས་བྱས་པའི་བཀའ་དྲིན་བརྗེད་མི་སྲིད། ཁོང་གི་སྣེ་ཁྲིད་མེད་ན་ང་དབུལ་སྒྲོལ་ཡོང་མི་ཐུབ”ཅེས་བརྗོད་བྱུང་། 

རིམས་འགོག་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་ཆབས་ཅིག པ་སངས་སྒྲོལ་དཀར་གྱིས་སྡེ་ཁུལ་གྱི་ལས་དོན་མི་སྣའི་སྣེ་ཁྲིད་དེ་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱས་ཤིང་། མང་ཚོགས་ཀྱི་ཚོང་ཟོག་ཉོ་སྒྲུབ་དཀའ་བའི་གནད་དོན་ལ་དམིགས་ཏེ། སྡེ་ཁུལ་གྱིས“དྲ་ཐོག་ནས་མངགས་ཉོ་དང་དྲ་ཕྱིའི་སྡེབ་སྐྱེལ”བྱེད་ཐབས་སྤྱད་དེ་འཚོ་བའི་མཁོ་ཆས་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་བ་དང་། ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་དང་། མི་ཧྲེང་རྒན་རྒོན། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ནས། ཆེད་མི་སྒྲིག་འཛུགས་ཀྱིས་སྙིང་ཉེ་བའི་ཞབས་འདེགས་ཞུས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བར་བྱས་ཡོད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་། པ་སངས་སྒྲོལ་དཀར་སྡེ་ཁུལ་དུ་ཞག་སྡོད་བྱས་པ་དང་། ཁོང་གི་བཟའ་ཟླ་ཡང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཡོད་པས་ཁྱིམ་དུ་ལོག་ཁོམ་མེད། “བུ་མོས་ཁ་པར་ནས་ངར་བདེ་འཇགས་ལ་དོ་སྣང་གནང་རོགས་ཞེས་བརྗོད་རིམ་བཞིན་སེམས་ནང་དགའ་ཚོར་ཆེན་པོ་འདུག ཕྲུ་གུ་ཆེན་པོ་ཆགས་རྗེས་ངའི་ལས་ཀར་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པའི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་སོང”ཞེས་པ་སངས་སྒྲོལ་དཀར་གྱིས་བརྗོད།

ཉེན་ཁའི་དུས་སུ་འགན་འཁྲི་མངོན་པར་བྱས། རིམས་ནད་ཀྱི་མདུན་དུ་པ་སངས་སྒྲོལ་དཀར་གྱིས་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ཞིག་གི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད། “ཏང་ཡོན་ཞིག་དང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཞིག་ཡིན་པའི་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་གདོང་མཆོང་བྱེད་པ་ལས་ཕྱིར་བཤོལ་གཏན་ནས་བྱེད་ཀྱི་མིན”ཞེས་བརྗོད་ཀྱི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།