ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྟོད་ལུང་གཙང་པོའི་ངོགས་གཉིས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྟོད་ལུང་གཙང་པོའི་ངོགས་གཉིས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི(སྨད་རྒྱུད)རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

སྟོད་ལུང་གཙང་པོའི་ངོགས་གཉིས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི(སྨད་རྒྱུད)རྣམ་གྲངས་ནི2022ལོའི་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་གཅིག་གྲས་ཡིན་ལ། རྣམ་གྲངས་དེའི་ཨར་སྐྲུན་གཙང་པོའི་མཚམས་གདོང་དཀར་ཟམ་ཆེན་ནས་མགོ་བརྩམས་ཏེ་གཙང་པོའི་འགྲམ་རྒྱུད་ཀྱི་ལྟེ་བའི་ལམ་ཐིག་བརྒྱུད་ནས་སྟོད་རྒྱུད་དུ་སྟོང་སྨི4.23སྲིང་ཡོད་ལ། རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར6.6བཏང་ཡོད་པ་དང་གན་རྒྱའིི་དུས་ཡུན་ཟླ22ཡིན་པ། རྣམ་གྲངས་ནང་མིག་སྔའི་རགས་འགོག་ཉམས་གསོ་དང་མཐོར་གཏོང་ལས་གཞི་དང་། སྐྱེ་ཁམས་ངོགས་སྲུང་ལས་གཞི་གསར་སྐྲུན། གཙང་པོའི་བགྲོད་ལམ་གཙང་སེལ་ལས་གཞི། ཆུ་གསོག་ཆུ་སྒོའི་ལས་གཞི4གསར་སྐྲུན། ཉ་ལམ་ལས་གཞི། ཆུ་འབུད་ལས་གཞི། འགོག་སྲུང་ཐག་གཅོད་ལས་གཞི། སྡོད་ཁང་འཛུགས་སྐྲུན་ལས་གཞིའི་ཡན་ལག་རྣམ་གྲངས8བཅས་འདུས་ཡོད།

གསར་འགོད་པས་ཨར་སྐྲུན་ཡུལ་དངོས་སུ་ལས་དོན་མི་སྣ་གོ་རིམ་ལྡན་པའི་ངང་ལས་སྒྲུབ་ཁུལ་དུ་འགྲོ་བ་དང་། ལས་སྒྲུབ་འཕྲུལ་ཆས་ཁག་ཕར་འགྲོ་ཚུར་འོང་བྱེད་བཞིན་པ། གོ་རིམ་ལྡན་པའི་ངང་སྦྲེལ་མཐུད། ཨར་སྐྲུན་ཚན་པས་ནུས་ཤུགས་ཡོད་རྒུས་ལས་སྒྲུབ་བྱས་ནས་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། ཨར་སྐྲུན་ཡུལ་དངོས་སུ་བྲེལ་འཚུབ་ཀྱི་རྣམ་པའི་ཁེངས་པ་བཅས་མཐོང་། མིག་སྔའི་བར། མ་དངུལ་སྒོར་དུང་ཕྱུར2.06བཏང་ཟིན་པ་དང་ལས་གཞི་སྤྱིའི་གྲངས་ཚད་ཀྱི39%ལེགས་འགྲུབ་ཟིན་པ། ཆུ་སྒོ1དང2པའི་ས་ཕྱི་རུ་དབོར་འདྲེན་གྱི་ལས་དོན་གཉེར་བཞིན་ཡོད། །


རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།