ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་དམངས་འཚོའི་ཚོང་ཟོག་མཁོ་སྤྲོད་འདང་ངེས་ཡོང་བར་འགན་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གླིང་ཁུལ་གྱི་སྒོ་རྩིས་ཁང་ཆེ་གྲས་གཉིས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་དང་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་བརྟན་པོ་ཡོང་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་ཚན་ཆུང་གིས་ཡུལ་དངོས་སུ་རིམས་ནད་འགོག་སྡོམ་ལས་དོན་དོན་འཁྱོལ་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སྒོ་རྩིས་ཁང་གི་ཁོར་ཡུག་དུག་སེལ་དང་དངོས་ཟོག་མཁོ་སྤྲོད། ལས་བཟོ་བའི་བདེ་ཐང་དོ་དམ་སོགས་ལས་དོན་ལ་རྒྱུས་ལོན་ཞིབ་ཚགས་བྱས་པ། སྒོ་རྩིས་ཁང་གཉིས་ཀྱིས་ཉོ་སྒྲུབ་མི་སྣ་ཚད་བཀག་དང་ཉོ་སྒྲུབ་འདྲུད་འཁོར་དུག་སེལ་སོགས་གནད་འགག་ལྷུ་ཚིགས་ཀྱི་རིམས་ནད་འགོག་སྡོམ་ལ་ཤུགས་བསྣན་པར་གཟེངས་བསྟོད་བྱས། ཞིབ་བཤེར་ཁྲོད་རིམས་ནད་འགོག་སྡོམ་གྱི་གཙོ་གཞིའི་འགན་འཁྲི་དམ་པོར་བཟུང་ནས་གནས་ཡུལ་དུ་དུག་སེལ་བྱེད་པ་དང་རླུང་རྒྱུ་བར་ཤུགས་སྣོན་པ་དང་། མང་ཚོགས་ཀྱིས་མི་ཉུང་དུས་ཉོ་སྒྲུབ་བྱེད་པར་ཁྲིད་སྟོན། བདེ་འཇགས་ཀྱི་ཉོ་སྒྲུབ་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་པ། དེ་དང་ཆབས་ཅིག ལས་ཞུགས་མི་སྣ་དོ་དམ་དང་ལས་བཟོ་བའི་འཚོ་བའི་རྣམ་པར་སེམས་ཁུར་བྱེད་ཤུགས་ཆེ་རུ་བཏང་སྟེ། གླིང་ཁུལ་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་མཁོ་སྤྲོད་ལས་དོན་ལེགས་པོར་སྒྲུབ་དགོས་པ་ནན་གྱིས་བསྟན། 

མིག་སྔའི་བར། ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཁྲོམ་རའི་བདག་གཉེེར་མཁན185གཉེར་སྐྱོང་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་ཡོད་ཅིང་། སྤྱིའི་ཆ་ནས་ཚོང་ཟོག་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡིན་པ། འཁོར་རྒྱུག་གོ་རིམ་ལྡན་པས། གླིང་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དངོས་ཟོག་མཁོ་སྤྲོད་ལས་དོན་ལ་སྔར་ལས་ལྷག་པའི་སྒོ་ནས་འགན་ལེན་བྱས།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།