ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པའི་གཏམ་ངན་གངས་ལྗོངས་ས་མཐོར་ཁྱབ། ཡར་ཀླུང་གཙང་པོའི་རྒྱུད་ནས་བྱང་རྩྭ་ཐང་བར་དང་གཙང་གསུམ་རྒྱུག་ཁུལ་ནས་མངའ་རིས་ས་མཐོའི་བར་གྱི་མི་རིགས་ཁག་གི་མི་དམངས་ཁྲི་360ལྷག་ཙམ་ཚང་མ་སྐྱོ་གདུང་གིས་མནར། མི་རྣམས་ཀྱིས་གོང་བཀུར་དང་གུས་པ་ཆེན་པོས་བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཟབ་མོ་ཞུས་ཏེ། རང་འགུལ་ངང་བབ་ཆགས་པའི་བྱེད་ཐབས་སྣ་ཚོགས་བརྒྱུད་སོ་སོའི་དྲན་གདུང་མཚོན་པར་བྱས་པ་རེད།

ཚེས་6ཉིན་གྱི་སྔ་དྲོར། གངས་ལྗོངས་ས་མཐོའི་རི་ཚོགས་འཇམ་ཐིང་ངེར་གནས། རྩྭ་དང་རྩི་ཤིང་སྐྱོ་བས་གདུང་། པོ་ཏ་ལའི་ཐང་ཆེན་གྱི་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུས། ཆུ་ཚོད་10པར། བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝུའེ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། འགོ་ཁྲིད་རྒན་གྲས་པ་སངས་བཅས་དང་དེ་བཞིན་ལྷ་སར་བཞུགས་པའི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཀྱིས་གཅིག་སྡུད་ཐོག་མྱ་ངན་ཞུ་བའི་ཚོགས་ཆེན་ལ་གསན་གཟིགས་གནང་སྟེ། གུས་ཞིང་བརྩེ་བའི་བློ་མཐུན་ཅང་ཙེ་མིན་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་ཆབས་ཅིག བློ་མཐུན་ཅང་ཙེ་མིན་གྱི་མཛད་རྗེས་རླབས་པོ་ཆེ་དང་བླ་ན་མེད་པའི་ཉམས་འགྱུར་ལ་རྗེས་དྲན་ཟབ་མོ་ཞུས་པ་རེད།

ཚེས་6ཉིན་གྱི་ཞོགས་པ་སྔ་མོར། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྣམ་པ་ཚོགས་ཁང་དུ་ཕེབས་ཤིང་། ཁོང་ཚོས་བྲང་ཁར་མྱ་ངན་མེ་ཏོག་དཀར་པོ་བཏགས་ནས་ཁུ་སིམ་མེར་བརྙན་འཕྲིན་མདུན་དུ་ལངས། མྱ་ངན་ཞུ་བའི་ཚོགས་འདུ་འགོ་ཚུགས་རྗེས་ཚང་མ་གཟབ་ནན་དང་གུས་སྟབས་ཀྱིས་ལངས་ཤིང་གདོང་ལ་སྐྱོ་གདུང་གིས་ཡོངས་སུ་ཁེངས་བཞིན་བློ་མཐུན་ཅང་ཙེ་མིན་ལ་ངག་བསྡམས་ནས་མྱ་ངན་སྐར་མ་3ཞུས། མི་ཚང་མའི་སེམས་ལ་འདས་དོན་མང་པོ་འཁོར་ཞིང་བློ་མཐུན་ཅང་ཙེ་མིན་གྱིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གནང་ལུགས་ཀྱང་མིག་མདུན་དུ་གསལ་པོར་འཆར།

1990ལོར་བློ་མཐུན་ཅང་ཙེ་མིན་གྱིས་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་འབྲེལ་ཡོད་མཆན་འགོད་མཛུབ་སྟོན་ད་དུང་ཡང་གསལ་པོར་དྲན། ལོ་30རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དྲིན་ཚོར་མདུན་སྐྱོད་དང་འབད་འབུངས་ཆེན་པོས་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བློ་སྟོབས་ཆེན་པོས་བསྐྱོད་དེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་གྱི་ཡོད།

ཆུ་ཚོད་10དང་སྐར་མ་55ཙམ་ལ། ཚང་མས་བློ་མཐུན་ཅང་ཙེ་མིན་ལ་གུས་འདུད་ལན་གསུམ་ཞུས་པ་དང་། མི་རྣམས་ཀྱིས་སེམས་སྡུག་ཆེན་པོས་ཡང་བསྐྱར་ཕེབས་སྐྱེལ་ཞུས། “གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་མིན་ལགས། ཁྱེད་རང་ག་ལེར་ཕེབས། དལ་བུར་བྱོན”

མྱ་ངན་ཞུ་བའི་ཚོགས་ཆེན་མཇུག་འགྲིལ་རྗེས་ཚང་མ་ཡུན་རིང་ཀྲོང་ངེར་ལངས་ཤིང་ཁ་བྲལ་མི་འདོད། ཁོང་ཚོས། སེམས་སྡུག་སྟོབས་ཤུགས་སུ་འགྱུར་བར་བྱས་ཏེ་བློ་མཐུན་ཅང་ཙེ་མིན་གྱི་ཕུགས་རེ་རྒྱུན་འཛིན་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམ་པོར་དམིགས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།