ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c53d47a8-9306-4ac1-923a-f9b840f03734.jpg.1.jpg

པར་འདི་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྒྱལ་དར་མར་ཕབ་ནས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཞུ་བའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས6ཉིན་གྱི་སྔ་དྲོའི་ཆུ་ཚོད10པའི་སྟེང་། བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས། བོད་ལྗོངས་ཀྱི་ས་ཁུལ་སོ་སོའི་སྡེ་ཚན་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མྱ་ངན་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་མ་ཟད། བྱེད་ཐབས་སྣ་མང་སྤྱད་ནས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཟབ་མོ་ཞུས།

337b6337-a308-4f48-8423-a24b5380e1a3.jpg.1.jpg

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དར་དམར་གྲོང་ཚོའི་ཏང་ཡོན་རྒན་པ་བསོད་ནམས་ཚེ་རིང་གིས་བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་པར་ལ་ཁ་བཏགས་འབུལ་བའི་རྣམ་པ་རེད། 

c7bb8949-fa25-4a53-be56-350b4d2943ef.jpg.1.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་པས་ཞྭ་མོ་ཕུད་ནས་མྱ་ངན་ཞུ་བའི་རྣམ་པ་རེད།

1e1d0250-1171-4d9b-8c1f-169641c060d0.jpg.1.jpg

པར་འདི་ནི་ལྷ་ཁ་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ཞོལ་སྡེ་ཁུལ་གྱི་སྡོད་དམངས་ཨུ་ལྷན་གྱིས་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་བཞིན་པའི་རྣམ་པ་རེད།

b2f04705-96ae-45ee-b657-ba7fde79eb9e.jpg.1.jpg

པར་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་མཐའ་མཚམས་འགོག་སྲུང་དཔོན་དམག་གིས་མྱ་ངན་ཞུ་བའི་རྣམ་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།