ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་འཕྱོངས་རྒྱས་རྫོང་གིས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་རྫོང་བཏོོད་པའི་ལས་དོན་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020221204114869911176.jpg

པར་འདི་ནི་མགོ་ཚུགས་མཛད་སྒོའི་ཡུལ་དངོས་ཀྱི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་རྫོང་བཏོད་པའི་མགོ་ཚུགས་མཛད་སྒོ་སྤེལ་ཤིང་། དེས་འཕྱོངས་རྒྱས་རྫོང་དུ་གྲོང་གསེབ་དར་སྤེལ་དཔེ་སྟོན་རྫོང་བཏོད་པའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས་པ་མཚོན་ཡོད།

W020221203647143389776.jpg

པར་འདི་ནི་འཕྱོངས་རྒྱས་རྫོང་གི་གཏེར་ཆུ་ཐོན་སྐྱེད་བཟོ་གྲྭའི་འཁོར་ཁང་གི་རྣམ་པ་རེད།

གསར་གཏོད་ལས་དོན་སྤེལ་མགོ་ཚུགས་རྗེས། འཕྱོངས་རྒྱས་རྫོང་གིས་རྒྱལ་ཁབ་ཀྱི“རྫོང་བརྒྱ་ཤང་སྟོང་གྲོང་ཚོ་ཁྲི”ཡི་གྲོང་གསེབ་དར་སྤེལ་དཔེ་སྟོན་ཁུལ་གསར་གཏོད་ཀྱི་ལོ་རྒྱུས་གོ་སྐབས་ལ་དམ་པོར་དམིགས་ཏེ། ཞིང་གྲོང་ཐོན་ལས་ཀྱི་ཡིག་ཚགས་རིམ་སྤོར་དང་ཞིང་གྲོང་གི་མི་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་ཆེད་དོན་བྱ་འགུལ་ལྔ་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་དང་རང་བྱུང་འཐུང་ཆུ་འཐུས་ཚབ་དུ་བྱས་པའི་ཁྱད་ལྡན་ཐོན་ལས་ཚོགས་ཁྱུ་བསྐྲུན་པ། “ཞིང་གྲོང་གི་མཐོར་འདེགས་ལས་གཞི”མ་ལག་ཏུ་བྱས་ནས་གྲོང་གསེབ་དར་སྤེལ་གྱི་རྐང་འཛིན་དཔུང་སྡེ་ཞིག་བཏོད་པ། བྲོ་འཁྲབ་སོགས་རིག་གནས་མཚོན་རྟགས་ལ་བརྟེན་ནས་ལོ་རྒྱུས་རིག་གནས་འཚོལ་ཞིབ་བྱས་པ་དང་། ཞིང་གྲོང་གི་མཛེས་སྡུག་ལྡན་པའི་མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་སྐྱེ་སྲིང་བྱས་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ནུས་ཤུགས་ཡོད་རྒུས“ཡར་ཀླུང་ལྗང་རོང”བསྐྲུན་པ།  “ཏང་འཛུགས་སྐྱོང་ལ་མགོ་ཁྲིད་དང་། མང་ཚོགས་ཀྱི་གཙོ་གཞི། བཅོས་སྐྱོང་བཞི་མཉམ་འདྲེས། དྲ་མིག་རིག་ནུས་བཅོས་སྐྱོང”གི་དེང་རབས་ཅན་གྱི་ཞིང་གྲོང་བཅོས་སྐྱོང་མ་ལག་མགྱོགས་མྱུར་བསྐྲུན་ཏེ། གྲོང་གསེབ་དར་སྤེལ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཕྱོོགས་ཡོངས་ནས་སྐུལ་འདེད་བཏང་།

W020221203647143385014.jpg

པར་འདི་ནི་འཕྱོངས་རྒྱས་རྫོང་མཁར་གྱི་རྣམ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ10པར་འཕྱོངས་རྒྱས་རྫོང་འདི་ཉིད་ལྗོངས་ཡོངས་ཀྱི་རྫོང་དང་ཆུས74ཁྲོད་འབུར་དུ་ཐོན་པ་དང་། སྐོར་དང་པོའི་རྒྱལ་ཁབ་གྲོང་གསེབ་དར་སྤེལ་དཔེ་སྟོན་རྫོང100ཡི་མིང་ཐོ་ནང་ཚུད་ཅིང་། དེ་ནི་ལྗོངས་ཡོངས་སུ་བདམས་ཐོན་བྱུང་བའི་རྫོང་གཅིག་པུ་ཡིན། འདིས་འཕྱོངས་རྒྱས་རྫོང་དུ་གསར་གཏོད་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་དང་། གསར་གཏོད་ལ་བརྟེན་ནས་འཕོ་འགྱུར་ལ་སྐུལ་འདེད། གསར་གཏོད་ལ་བརྟེན་ནས་མཐོར་འདེགས་སུ་བཏང་སྟེ། གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་འཚོལ་ཞིབ་ཀྱི་བགྲོད་ལམ་ཐོག་སྔོན་སྐྱོད་བྱས་པ་དང་། དཔེ་སྟོན་ཁུལ་གྱིས་གོ་སྐབས་གསར་བ་ཁྱེར་ཡོང་བར་ཁྲིད་སྟོན་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།