ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་དམངས་ལ་དྲོ་སྐྱིད་སྦྱིན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་བཅས་བྱ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁ་རུབ་ཆུས་རོབ་པ་ཤང་གི་འབྲེལ་གཏུག་ས་ཚིགས་4རུ་བསྐྱོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་དང་། ཆ་སྒྲིག་རོགས་སྐྱོར། ཁྲིམས་སྐྱོང་དྲིལ་བསྒྲགས་བཅས་ནང་དོན་གཙོ་བོར་བྱས་པའི་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་བོད་རྒྱ་སྐད་གཉིས་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག་ཞིང་འབྲོག་ཁུལ་གྱི་ཁྲིམས་སྐྱོང་གི་ད་ཡོད་གནས་ཚུལ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་སྒྲོག་འགྲེལ་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། ལས་བྱེད་ཉེན་རྟོག་པ་ཚོས་ད་དུང་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་ཐབས་ཇུས་དང་གྲོས་འགོ་བཏོན་ནས་ཞིང་འབྲོག་མང་ཚོགས་ལ་དམངས་ཕན་སྲིད་ཇུས་ཁག་སྤྱད་དེ་ཐོན་སྐྱེད་འཕེལ་རྒྱས་དང་ཡོང་འབབ་མང་དུ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།