ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་བྱེད་པར་ཤུགས་སྣོན་བརྒྱབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་སྣོན་བྱས་པའི་བལ་བྱུར་པོར་བླུགས་པའི་ཟོག་འདྲེན་རླངས་འཁོར་མང་པོ་ཀུང་སིའི་རྒྱལ་སྒོ་ནས་ཐོན་པ་མཐོང་སྐབས་བོད་ལྗོངས་ཧྲེང་ཤིན་བཟོ་ཚོང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལྷག་པ་འཕྲིན་ལས་ད་གཟོད་གཞི་ནས་བློ་བདེ་པོ་བྱུང་ཡོད། རིམས་ནད་ཚོད་འཛིན་ཐུབ་རྗེས་ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱི་རྒྱབ་སྐྱོར་འོག་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་ཐུབ་པ་རེད། ཟླ་བ་གཉིས་རིང་ཀུང་སིའི་ཕྱིར་གཏོང་བྱེད་ཚད་ཨ་སྒོར་ཁྲི་25ཟིན་པ་དེས་ལོ་ཧྲིལ་པོའི་ཕྱིར་གཏོང་བསྡོམས་འབོར་གྱི་བཞི་ཆ་གཅིག་ཟིན་ཡོད།

“བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱི་རོགས་རམ་འོག་ང་ཚོས་གཞི་ནས་བདེ་བླག་ངང་ཐོན་རྫས་རྩིས་སྤྲོད་ཐུབ་བྱུང”ལྷག་པ་འཕྲིན་ལས་ཀྱིས། དོ་དམ་ཨུ་ལྷན་གྱིས་སྒོ་རྩར་ཉིང་སྐྱུར་མ་དཔེ་འཚོལ་བསྡུ་དང་ཐོན་སྐྱེད་དང་ཕྱིར་ཚོང་སྐྱེལ་འདྲེན་གྱི་དགོས་མཁོར་དམིཌ་ཏེ་འབྲེལ་ཡོད་ལག་ཁྱེར་གཉེར་རོགས་བྱས་ཤིང་། བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་རིམས་འགོག་དང་ཐོན་སྐྱེད་གཉིས་ཀར་འཐུས་ཤོར་མེད་པའི་འགན་ལེན་བྱས་ཡོད། མིག་སྔར་ཁེ་ལས་ཀྱིས་གདུབ་ཟུམ་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་མཁོ་སྤྲོད་འདང་ངེས་དང་ཐོན་སྐྱེད་བརྟན་པོ་ཡོད་ཅེས་བཤད།

ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་གླིང་ནི་བོད་ཀྱི་རང་སྐྱོང་ལྗོངས་རིམ་པའི་བཟོ་ལས་གླིང་ཐོག་མ་རེད། ད་ལོའི་ཚུན། གླིང་དེའི་དོ་དམ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཀྱིས་བཀྲམ་པའི《ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་དང་སྙན་སེང་ཞུ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཁྱབ་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་། ཤུགས་རྐྱེན་ཅུང་ཆེ་བ། སྐུལ་ཁྲིད་རང་བཞིན་ཆེ་བ་བཅས་ཀྱི་ལས་རིགས་ཀྱི་གཙོ་གནད་ཁེ་ལས་དང་དེ་བཞིན་རྒྱུ་ཆ་གཙོ་བོ་ཐོན་སྐྱེད་བྱེད་མཁན་ཁེ་ལས་གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་བརྩིས་ནས་ཉེན་ཁ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། དུས་ཐོག་ཏུ་འགྱུར་ལྡོག་འགྲོ་ཚུལ་ཁོང་དུ་ཆུད་པར་བྱས་པ་རེད།

ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་གླིང་གི་ཚོང་འགུགས་ཀྱི་འགན་འཁུར་བ་ཀྲང་ཁྲེང་ལན་གྱིས། ཁེ་ལས་ལ་དཀའ་ངལ་ཡོད་ཚེ་དོ་དམ་ཨུ་ལྷན་བཙལ་ཆོག་པ་དང་དོ་དམ་ཨུ་ལྷན་གྱིས་ཐག་གཅོད་མི་ཐུབ་པའི་རིགས་གོང་རིམ་སྡེ་ཚན་ལ་སྙན་སེང་ཞུས་ནས། ཁེ་ལས་ཀྱི་ལུགས་མཐུན་རེ་ཞུ་མཉམ་དུ་གནད་འཁེལ་ངང་ཐག་གཅོད་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཐོན་སྐྱེད་གཉེར་སྐྱོང་འགན་ལེན་བྱེད་བཞིན་ཡོད་ཅེས་བཤད།

སྟག་རྩེ་བཟོ་ལས་གླིང་ནི་བོད་ཀྱིས་གནད་སྨིན་ཤུགས་འདོན་བྱས་ཏེ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བའི་བསྡུས་རིས་ཤིག་རེད། ལོ་འགོའི་ཚུན་དུ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བའི་ལས་དོན་ཁག་ཕྱོགས་ཡོངས་ནས་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་སྤེལ་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལས་དོན་གྱི་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་ནས། དཔལ་འབྱོར་འཁོར་སྐྱོད་དང་། གཙོ་གནད་རྣམ་གྲངས། ཁག་ཐེག་འགན་ལེན་རྣམ་གྲངས། ནུས་རྒྱུ་མཁོ་སྤྲོད་འགན་ལེན་སོགས་ལ་ཕྱོགས་ཡོངས་ནས་བཀོད་གཏོང་བྱས་པ་དང་། ཟླ་རེར་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་ཀྱི་ཟླ་རེའི་བཀོད་གཏོང་ཚོགས་འདུ་འཚོགས་པ་དང་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དང་གཙོ་གནད་རྣམ་གྲངས་ལ་ཟླ་རེར་དབྱེ་ཞིབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། རྣམ་གྲངས་གལ་ཆེན་ཁག་ཐེག་འགན་ལེན་སྐུལ་སྤེལ་ལས་ཀའི་ལམ་སྲོལ་བཙུགས་པས་གཙོ་གནད་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་ཡོད།

སྐྱེལ་འདྲེན་ཤར་བགྲོད་ཐུབ་པའི་འགན་ལེན་བྱ་ཆེད། བོད་ཀྱིས“གཙོ་གནད་དངོས་ཟོག་སྐྱེལ་འདྲེན་འཁོར་རིགས་ཀྱི་གློག་རྡུལ་ལམ་ཡིག”དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཟླ་9པར་བོད་ཀྱིས་ད་དུང་ཆབ་མདོ་གྲོང་ཁྱེར་དུ་དངོས་ཟོག་བརྒྱུད་སྐྱེལ་ས་ཚིགས་2བསྐྲུན་པ་དང་འབྲེལ་ཟོག་འགྲེམས་ཟོག་འདྲེན་འཁོར་རིགས་ཤར་བགྲོད་སྲིད་ཇུས་ལག་བསྟར་ནན་པོ་བྱེད་པ་དང་། འཁྲི་འགན་རིམ་སྣོན་དང་གཅིག་དཔེ་བརྒྱ་འགེབས་བྱ་རྒྱུ་གཏན་འགོག་བྱས་ཡོད། འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་བྱེད་པའི་ཐད་བོད་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མཉམ་འབྲེལ་འགན་ལེན་དང་མཁོ་འདོན་ལམ་སྲོལ་ལག་ལེན་བསྟར་ནས། ལྗོངས་ཕྱིའི་ཉོ་སྒྲུབ་དང་། ལྗོངས་ནང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་སྒྲོལ་བའི་སྡེབ་སྐྱེལ། མཇུག་སྣེའི་སྡེབ་སྐྱེལ། དེ་བཞིན་མཁོ་སྤྲོད་འགན་ལེན་ཁེ་ལས“མིང་ཐོ་དཀར་པོའི”ལམ་ལུགས་བརྒྱུད། ལྗོངས་ཡོངས་ཀྱི་འབྲུ་རིགས་དང་། སྔོ་ཚལ། སྒོ་ང་། སྣུམ། རང་བྱུང་སོལ་རླངས་སོགས་དངོས་ཟོག་མཁོ་སྤྲོད་འདང་ངེས་དང་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བར་བྱས་པ་རེད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།