ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་འགན་ནུས་ལ་གཞི་ཚུགས་ནས“ཁྲིམས་སྐྱོང་དང་། སྤྱོད་གཙང་། གསར་གཏོད། ལས་ཕྱོད། དངོས་སྒྲུབ”བཅས་ཡིག་འབྲུ་བཅུ་ཡི་ལས་ཀའི་བྱེད་ཕྱོགས་ལ་དམིགས་ནས་ཁྲལ་བསྡུའི་འགན་འཁྲི་ལེགས་པར་བསྒྲུབས་ཏེ་རང་འགུལ་ངང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཞབས་འདེགས་ཞུས་ཡོད།

ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཐོག སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི“རྒྱལ་ཁབ་ཀྱི་དོན་ཆེན”དང“དཔྱ་ཁྲལ་དོན་ཆེན”དུ་བརྩིས་ནས“དཔྱ་ཁྲལ་སློག་པ་དང་། ཆག་ཡང་། རྩ་ཆག ཉུང་འཕྲི། ནར་འགྱངས”བཅས་ཀྱི་ཕྱོགས་བསྡུས་ཤུགས་འདོན་མཐའ་འཁྱོངས་དང“གནས་ལ་འབྱོར་པའི”སྲིད་ཇུས་གནད་སྨིན་ཡོང་བ་བྱས་ཏེ“དམིགས་སར་ཞབས་འདེགས་ཞིབ་ཚགས་ཞུ་བ་དང་སྲིད་ཇུས་གནད་སྨིན་རིམ་པར་བྱེད་པ”ཟུང་དུ་འབྲེལ་བའི་ཞབས་ཞུར་བརྟེན་པ་དང་བྱ་ཐབས་སྣ་མང་གིས་ཁེ་ལས་ཀྱིས་ཚབ་འཕྲི་ཁྲལ་སློག་གི་འགྲོ་ལུགས་གཉེར་བའི་རེ་ཞུར་ཟུར་ཁྲིད་བྱེད་པའི་ཐོག་ནས་སྲིད་ཇུས་དོན་འཁྱོལ་གཏིང་ཟབ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

ཞབས་ཞུའི་ཕན་ནུས་སྔར་བས་ཆེ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་ཇེ་ཟབ་ཏུ་བཏང་ནས“རིག་ལྡན་ཁྲལ་དོན”གྱི་ནུས་པ་གང་ལེགས་བཏོན་ཏེ“དྲ་ཐོག་ཁྲལ་དོན་གཉེར་རྒྱུ་གཙོ་བོ་དང་། རང་འགུལ་འཕྲུལ་ཆས་ཀྱིས་ཁྲལ་དོན་གཉེར་རྒྱུ་རམ་འདེགས། ཚོམས་ཆེན་དུ་སྔོན་མངགས་མཐའ་འཁྱོངས”བཅས་བྱེད་པའི“འབྲེལ་གཏུག་མེད་པའི”ཁྲལ་དོན་གྱི་ལས་གཉེར་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཡོད།

ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“འགལ་བ་ཛ་དྲག་ཏུ་མི་འགྲོ་བ་དང་། ཞབས་ཞུ་སྟོང་པར་མི་ལུས་པ། ཁྲལ་བསྡུ་སྔར་བས་ཞི་མཐུན་ཡོང་བ”བཅས་བྱེད་པའི་ཁྲལ་གྲོན་གྱི་རྩོད་གཞི་འདུམ་འགྲིག་གི་ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། གཞུང་ཞབས་ཁྲིམས་རྩོད་པའི་ཁྲལ་གྲོན་གྱི་རྩོད་གཞི་ཐག་གཅོད་བྱེད་སྟངས་ཚོད་ལྟའི་ལག་བསྟར་ཇུས་གཞི་བཟོས་པ་མ་ཟད། “ཁྲལ་བསྡུའི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་ལས་དོན་ཁང”དང“ཁྲལ་གྲོན་གྱི་རྩོད་གཞི་འདུམ་འགྲིག་ཁང” དེ་བཞིན་གཞུང་ཞབས་ཁྲིམས་རྩོད་པ་དང་ཁྲལ་དོན་པ་རྐང་འཛིན་སྟོབས་ཤུགས་སུ་བྱས་པའི་ཞབས་ཞུའི་ཚོགས་པ་བཙུགས་ཏེ། ཁྲལ་འཇལ་བ་དང་གྲོན་དངུལ་འཇལ་མཁན་གྱི་དཀའ་ངལ་དང་དཀའ་གནད་ལ་དམིགས་ནས་ཁྲལ་དོན(གྲོན་དངུལ)དང་འབྲེལ་བའི་རྩོད་གཞི་འདུམ་འགྲིག་དང་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུ་གནད་འཁེལ་ཡོང་བར་བྱས་ཡོད།

ཁྲལ་དོན་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟ་ཇེ་ཟབ་ཏུ་གཏོང་བ་དང་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ལྟ་སྐུལ་མ་ལག་འཛུགས་རྒྱུའི་སྐོར་གྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “ལས་ཁུངས་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཟུང་དུ་འབྲེལ་བའི”ལྟ་སྐུལ་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་སྲིད་གཙང་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་དུས་སྐབས་གསར་པར་ཁྲལ་དོན་སྒྲུབ་མཁན་དཔུང་ཧྲག་གཏོད་པའི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག རིག་གནས་ཀྱི་ནང་དོན་སྔོག་འདོན་དང་སློབ་གསོའི་གཞི་རྟེན་གསར་གཏོད་བྱ་བར་སྣང་ཆེན་བྱས་ནས་སྲིད་གཙང་རིག་གནས་འཛུགས་སྐྱོང་དེ་ཁྲལ་དོན་རིག་གནས་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་གི་རིག་གནས་འཛུགས་སྐྱོང་དང་ཟུང་འབྲེལ་དམ་ཟབ་བྱས་པས། རིག་གནས་ལ་བརྟེན་ནས་སྤྱོད་གཙང་དར་སྤེལ་དང་། སློབ་གསོར་བརྟེན་ནས་སྤྱོད་གཙང་ལ་སྐུལ་འདེད། ལམ་ལུགས་ལ་བརྟེན་ནས་སྤྱོད་གཙང་འགན་ལེན། ཁྲིམས་འཛིན་ལ་བརྟེན་ནས་སྲིད་གཙང་དོན་གཉེར་བཅས་ལྡན་པའི་མ་ལག་ཅིག་ཆགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།