ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་ཆུང་གིས་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་2ཉིན། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།

ཚོགས་འདུ་ཁྲེན་ཡུང་ཆིས་གཙོ་སྐྱོང་གནང་བ་དང་། ལྕགས་ར་བློ་བཟང་བསྟན་འཛིན་དང་། ཀྲང་ཡན་ཆིང་། ལུའོ་མེ། འཇམ་དཔལ། ཝང་ཡུང་བཅས་ཞུགས་ཡོད་པ་རེད།

ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“དེ་རིང་ག་ཚོད་ཕྱི་ཡང་སང་ཉིན་ལས་སྔ་བ་དང་། སང་ཉིན་ག་ཚོད་སྔ་ཡང་དེ་རིང་ལས་ཕྱི་བའི”བླང་བྱ་བློ་ལ་བརྟན་པོར་ངེས་ནས། “ཡར་རྒྱས་མི་གཏོང་བ་ནི་ཕྱིར་བཤོལ་ཡིན་ལ། ཡར་རྒྱས་འགོར་བའང་ཕྱིར་བཤོལ་ཡིན་པའི”ཉེན་ཁའི་བསམ་བློ་ཡོད་པར་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ལས་དུས་གང་མྱུར་བསྒྲུབས་ནས་བློ་ཡིད་ཚིམས་པའི་རྒྱུགས་ལན་ཞིག་འབུལ་ཐུབ་པའི་བརྩོན་ལེན་བྱེད་དགོས། མིག་སྔ་དང་ཕུགས་ལ་སྤྱི་འདོམས་བྱེད་དགོས་པ་སྟེ། མིག་སྔར་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་འགག་རྩའི་དུས་ཚོད་དེར་དམ་འཛིན་ལྷོད་མེད་བྱས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དཀའ་སེལ་གྱི་སྲིད་ཇུས་དོན་འཁྱོལ་གནད་སྨིན་ཡོང་བར་དམ་འཛིན་ནན་པོ་དང་། རྣམ་གྲངས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ལ་དམ་འཛིན་ནན་པོ། ཡིད་ཆེས་འཕེལ་བ་དང་ཚོང་ཁྲོམ་བསྐྱར་ཚུགས་ལ་དམ་འཛིན་ནན་པོ། མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོ་དང་དམངས་འཚོ་འགན་ལེན་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས། ཕུགས་ལ་དམིགས་ཏེ་ལས་ཀའི་བསམ་ཕྱོགས་དང་བྱ་ཐབས་སྔར་བས་ཞིབ་འཇུག་བྱས་ཏེ་ཞིབ་ཚགས་སུ་གཏོང་བ་དང་། སྔོན་ཚུད་ནས་སྤུས་ཚད་མཐོ་བའི་འདེགས་སྐྱོར་རྣམ་གྲངས་ཁག་གཅིག་སྒྲིག་གསོག་དང་། སྤུས་ཚད་མཐོ་བའི་ཐོན་ལས་ཁག་གཅིག་འཆར་འགོད། སྤུས་ཚད་མཐོ་བའི་སྲིད་ཇུས་ཀྱི་བྱ་ཐབས་ཁག་གཅིག་ཞིབ་འཇུག་བཅས་བྱེད་དགོས།

ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། ཆེད་དོན་དོ་དམ་དང་ཆེད་དོན་ལས་སྒྲུབ་ལ་སྤྱི་འདོམས་བྱས་ཏེ་ཆེད་དོན་གཞུང་ལས་ཁང་གི“ཆེད་དོན་དོ་དམ”ནུས་པ་ཡག་པོ་བཏོན་ཏེ་གཙོ་གནད་ཐོག་འཆར་འགོད་ལ་དོ་དམ་དང་། འཆར་གཞིར་དོ་དམ། ཇུས་གཞིར་དོ་དམ། བཀོད་གཏོང་ལ་དོ་དམ། ལམ་སྲོལ་ལ་དོ་དམ། ལྟ་སྐུལ་མཛུབ་ཁྲིད་ལ་དོ་དམ་བཅས་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“ཆེད་དོན་ལས་སྒྲུབ”ཀྱི་འགན་ནུས་ལག་བསྟར་ཡག་པོ་བྱེད་པ་དང་། འགོ་ཁྲིད་གཙོ་བོ་རང་ཉིད་ནས་དམ་འཛིན་དང་སྣེ་ཁྲིད་ལས་སྒྲུབ་བྱས་ཏེ་དོན་འཁྱོལ་ལས་དོན་གྱི་ལམ་སྲོལ་ལ་ཕྱོགས་ཡོངས་དང་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ནས“ལས་འགན་རེ་ལ་འགོ་ཁྲིད་རེ་དང་། ཆེད་དོན་ཚན་ཁག་རེ། ཇུས་གཞི་རེ་ཡོད་པའི་སྒོ་ནས་དམ་འཛིན་ལྷོད་མེད”ཐུབ་པ་བྱེད་དགོས། གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་ལེན་དང་ལེགས་གཏོང་སོགས་གཙོ་གནད་ལ་དམིགས་ཏེ་ཐིང་དང་ཅུས་དབར་དུས་བཀག་མཉམ་ཞུགས་ཀྱི་གྲོས་མོལ་ལམ་སྲོལ་བབ་བསྟུན་ངང་འཛུགས་པ་དང་དཔྱད་ཞིབ་དང་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཏང་ཡོན་ལས་བྱེད་པའི་སེམས་ནུས་དངོས་འཛིན་དངོས་སྒྲུབ་དང་ཕན་འབྲས་དངོས་དོན་གཉེར་བྱེད་པར་འདོན་དུ་འཇུག་དགོས།

ལྟ་སྐུལ་དང་མཛུབ་ཁྲིད་ལ་སྤྱི་འདོམས་བྱས་ཏེ་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་འཛུགས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་སྒྲིག་འཛུགས་སྐུལ་སློང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱེད་དགོས། ཇུས་འདོན་ཚོགས་པ་དང་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། སྲིད་གཞུང་ལས་དོན་ནང་ཞུགས་པ་དང་། བློ་འདྲི་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས“སྣེ་ཁྲིད་ཞིབ་འཇུག”བྱེད་པ། འབྲེལ་ཡོད་སྡེ་ཚན“རྒྱ་ཁྱབ་ངང་ཞུགས་པ”བཅས་བྱས་ཏེ་བྱ་ཐབས་དངོས་དང་ཕན་འབྲས་ཐོན་པའི་བྱ་ཐབས་ཁག་གཅིག་བཏོན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།