ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་རིག་དངོས་བདེ་འཇགས་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་རིག་དངོས་བདེ་འཇགས་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཐོག་ནས་ཤེས་གསལ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱིས“སྲུང་སྐྱོང་དང་པོ། དོ་དམ་ཤུགས་སྣོན། རིན་ཐང་སྔོག་འདོན། ནུས་ལྡན་བེད་སྤྱོད། རིག་དངོས་ལ་གསོན་ཤུགས་རྒྱས་པ”བཅས་ཀྱི་ལས་དོན་བྱེད་ཕྱོགས་བརྒྱུད། ཕྱོགས་ཡོངས་ནས་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུད་འཛིན་ཆུ་ཚད་མཐོ་རུ་བཏང་སྟེ། མུ་མཐུད་དུ་རིག་དངོས་བདེ་འཇེགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་། 

ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་འབུར་ཐོན་དང་བྱེད་ཐབས་ཞིབ་ཕྲ་གཏོང་བར་རྒྱུན་འཁྱོངས་བྱས་ནས། རིག་དངོས་བདེ་འཇགས་ལས་དོན་གྱི་གསང་ཐག་བརྟན་སྲུང་བྱས་པ་དང་། དུས་རབས་གསར་བའི་རིག་དངོས་ལས་དོན་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་ཉམས་གསོ་རྣམ་གྲངས་ཤུགས་ཆེན་པོས་ལག་བསྟར་བྱས་ནས། ཚན་རིག་ནུས་བས་རིག་དངོས་སྲུང་སྐྱོང་ལ་སྐུལ་འདེད་བཏང་སྟེ་རིག་དངོས་སྲུང་སྐྱོང་བྱེད་ཐབས་གསར་གཏོད་དང་། རིག་དངོས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིག་དངོས་ཆེད་དོན་ལེགས་བཅོས་འགུལ་སྐྱོད་དང་དགོན་པ་ནས་ཉར་ཚགས་བྱས་ཡོད་པའི་སྤོ་འགུལ་ཆོག་པའི་རིག་དངོས་བསྐྱར་ཞིབ་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱེད་པ། གཞན་ཡང་ཕྱོགས་ཡོངས་ནས་གནད་དོན་ཞིབ་ཐོ་གསལ་བོར་བཀོད་ནས་དཔེ་བཞག་རིགས་འགྲེ་ཡིས་དག་ཐེར་དང་ལེགས་བཅོས་བཟུང་པ། འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་བཟུང་བ། རིག་དངོས་བདེ་འཇགས་ལས་དོན་གྲུབ་འབྲས་བརྟན་དུ་གཏོང་བ་བཅས་བྱེད་དགོས། ལུགས་མཐུན་གྱིས་རིག་དངོས་ཐོན་ཁུངས་སྤྱོད་པ། གནའ་རྫས་རྐོ་འཚོལ་ལ་ཤུགས་སྣོན་པ། འགྲེམ་སྟོན་འགྲེམ་སྤེལ། བེད་སྤྱོད་ནུས་ལྡན་བཏང་ནས་རིག་དངོས་ལ་གསོན་ཤུགས་རྒྱས་པར་འཇུག་དགོས། མགོ་ཁྲིད་ལ་ཤུགས་སྣོན་དང་། སྟོབས་ཤུགས་མཉམ་འདུས། རིག་དངོས་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་བའི་འགན་སྲུང་མ་ལག་སྐྲུན་པ། ས་གནས་སྲིད་གཞུང་གི་རིག་དངོས་བདེ་འཇགས་གཙོ་གཞིའི་འགན་འཁྲི་ལ་ཤུགས་སྣོན་བརྒྱབ་ནས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་བཟུང་བ། རིག་དངོས་བེད་སྤྱོད་བྱེད་མཁན་གྱི་ཐད་ཀར་གྱི་འགན་འཁྲི་གསལ་བོར་གཏན་འཁེལ་བྱེད་པ།  ཕྱོགས་ཡོངས་ཀྱི་ལྟ་སྐུལ་དོ་དམ་དང་ལས་གནས་མང་པོ་མཉམ་འབྲེལ། ཆེད་མཁས་རུ་ཁག་གིས་སྲུང་སྐྱོང་བྱེད་པའི་རིག་དངོས་སྲུང་སྐྱོང་རུ་ཁག་མ་ལག་འཚོལ་ཞིབ་བྱས་ནས། དགོན་པར་དོ་མ་བྱེད་པའི་ལས་བྱེད་མི་སྣ་དང་། གྲྭ་བཙུན། མང་ཚོགས་ཀྱིས་གྲུབ་པའི་རིག་དངོས་སྲུང་སྐྱོང་དང་བླངས་ཞབས་ཞུ་རུ་ཁག་འཛུགས་པར་སྐུལ་འདེད་བྱེད་པ། “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”དང“འཛམ་གླིང་དངོས་མང་བཤམས་སྟོན་ཉིན་མོའི”ནུས་བ་གང་ལེགས་བཏོན་ནས། རིག་དངོས་སྲུང་སྐྱོང“ཁྲིམས་གཅིག་ལ་སྲོལ་ཡིག་གཅིག”སོགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་ཐད་ཤུགས་སྣོན་ནས། རྒྱུན་མཐུད་ངང་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་པ། རིག་དངོས་བདེ་འཇགས་ལས་དོན་འགྲོ་གྲོན་གཏོང་བར་འགན་སྲུང་བྱེད་པ། མུ་མཐུད་དུ་མྱུར་སྐྱོབ་རང་བཞིན་གྱི་རིག་དངོས་སྲུང་སྐྱོང་དང་སྒྲིག་བཀོད་སྒྲིག་ཆས་འཁོར་སྐྱོད་སྲུང་སྐྱོང་དགོས་མཁོ་སྐྲུན་དགོས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།