ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བརྡ་ཐོ་བཏང་སྟེ་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང“རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་ལོ་མཇུག་གི་ལས་མཇུག་བསྡུ་བའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི”སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་ཆེད། ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བརྡ་ཐོ་བཏང་སྟེ། “ནུས་ཤུགས་ཡོད་རྒུས་ལས་ཀ་ཉིན་40བྱས་ཏེ། ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་སྒྲུབ་བྱེད་དགོས”ཞེས་བཏོན་པ་རེད།

བརྡ་ཐོའི་ནང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ཁར། བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ཁག་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས། རིམ་ཁག་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་དང་འགན་འཁུར་བློ་མཐུན་གཙོ་བོས་བྱེད་པོའི་འགན་འཁྲི་འཁུར་བ་དང་། འགན་འཁྲི་འཁུར་མཁན་ཨང་དང་པོའི་འགན་འཁྲི་འཁུར་བ། རང་ཉིད་ངོ་མས་བཀོད་སྒྲིག་བྱེད་པ། དངོས་སུ་དོན་འཁྱོལ་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས“འགག་རྩའི་ཉུང་ཤས”ཀྱི་སྣེ་ཁྲིད་སློབ་སྦྱོང་དང་། རོགས་ཁྲིད་སློབ་སྦྱོང་། སློབ་སྦྱོང་ལ་སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ལ་སྣེ་ཁྲིད་དེ་སྒྲོག་འགྲེལ་དང་། སློབ་སྦྱོང་། དོན་འཁྱོལ་བཅས་ཀྱང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་། དམིགས་ཚད་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལོ་ཧྲིལ་པོའི་ལས་དོན་གྱི་ལས་མཇུག་ཕུན་སུམ་ཚོགས་པོའི་ངང་སྒྲིལ་ཐུབ་པའི་འགན་ལེན་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གནད་དོན་དང་། དམིགས་ཚད། གྲུབ་འབྲས་བཅས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལོ་སྟོད་དུ་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དང་། བཞག་པའི་དམིགས་ཚད་འགན་འཁྲིའི་ཡི་གེ “ལྟེ་བའི་ལས་སྒོའི་དམིགས་ཚད་ཁག་60”བཅས་དང་ཞིབ་བསྡུར་བྱེད་པ། ལོ་འཁོར་གྱི་དམིགས་ཚད་འགན་འཁྲི་དོན་འཁྱོལ་ལ་དམ་པོར་དམིགས་པ། འདི་ལོར་ལེགས་གྲུབ་བྱུང་བའི་ལས་འགན་ཕྱོགས་ཡོངས་ནས་གསེད་དཀྲོལ་། སྐུལ་འདེད་གཏོང་བཞིན་པའི་ལས་དོན་ལ་དུས་ཚོད་དམ་འཛིན་གྱིས་བསྐྱར་ཞིབ། ལེགས་གྲུབ་བྱུང་མེད་པའི་ལས་ཀ་དང་ལས་འགན་ལ་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་དང་དཀའ་སྤྱད་འབད་སྒྲུབ་བཅས་བྱས་ནས་ལོ་ཧྲིལ་པོའི་ལས་དོན་གྱི་ལས་མཇུག་ཕུན་སུམ་ཚོགས་པོའི་ངང་སྒྲིལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།