ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་བསྟུད་མར་བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱས་ནས། ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཤིང་། ཚང་མས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་སྟངས་འཛིན། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ཀྱི་ཐད་ཤུགས་སྣོན་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

ཉེ་ཆར་ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཏང་ཡོན་ཚོགས་ཆེན་འཚོགས་པ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས། སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་སྒྲིག་འཛུགས་ཀྱིས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་པ་མ་ཟད། མི་སྒེར་གྱི་སློབ་སྦྱོང་ཟིན་བྲིས་ཀྱང་བརྒྱབ་པ་དང་། དགེ་རྒན་སྒྲིག་འཛུགས་བྱས་ནས་བརྙན་ལམ་སློབ་ཚན་དང་། ཆེད་དོན་འཆད་ཁྲིད། “དྲ་ཐོག་ཏང་གི་སློབ་གྲྭའི”དགེ་རྒན་གསོ་སྦྱོང་འཛིན་གྲྭར་ཞུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རིགས་གཅིག་མཁས་ཅན་དང་མཁས་དབང་གི་འགྲེལ་བཤད་སློབ་ཚན་གཅིག་སྡུད་ཐོག་ཉན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་ཚོའི་བསམ་བློར་དྲག་ཆས་སྤྲས་པ་རེད།

ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་རང་འགན་གཙང་སྒྲུབ་དང་ལས་སྒྲུབ་ལས་གཏོད་ཀྱི་རང་རྟོགས་བྱ་སྤྱོད་དུ་ཏན་ཏིག་བསྒྱུར་བ་བྱ་ཆེད། ཉིན་ཤས་གོང་གཏིང་སྐྱེས་རྫོང་གིས་གྲོང་སྡོད་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་ནན་ཏན་བྱས་པ། ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞིའི་གྲོང་སྡོད་གནས་སྐབས་ཏང་ཀྲི་པུའུ་ཧྲུའུ་ཅིའི་འཐུས་མི་དང་རྫོང་རྨང་བརྟན་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན་གྱི་སློབ་སྦྱོང་གི་མྱོང་ཚོར་ཉན་པ་མ་ཟད། ད་དུང་གོམ་སྟབས་རྗེས་མའི་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ་བ་ནས་བཟུང་ཆུ་གསུམ་རྫོང་གིས“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”དང་། “གཞོན་ནུ་སློབ་སྦྱོང་ཆེན་པོ” “དྲ་འཕྲིན་ཆུ་གསུམ”སོགས་ཀྱི་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཤིང་། མིག་སྔའི་བར་རྫོང་དེའི་ཚན་པ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཚོགས་འདུ་ཐེངས་135དང་ཏང་གི་སློབ་ཚན་ཐེངས་47འཚོགས་པ་དང་། དེ་དང་ཆབས་ཅིག་རྫོང་རིམ་པའི་ལས་བྱེད་པས་སྣེ་ཁྲིད་དེ་ཤོད་པ་དང་། རྐང་འཛིན་སྒྲོག་འགྲེལ་པས་དུད་ཚང་དུ་འཚམས་འདྲིར་བསྐྱོད་པ། གྲོང་ཚོས་དྲིལ་བསྒྲགས་བྱེད་པ། དྲ་རྒྱའི་ལས་སྟེགས་ཀྱི“སྒྲོག་འགྲེལ་ཆུང་ངུ”སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་ཁྱབ་པ་དང་མི་སེམས་སུ་གཏིང་ཟབ་ཟུག་པར་མུ་མཐུད་སྐུལ་འདེད་བཏང་བ་རེད།

ཉིན་ཤས་བསྟུད་མར་མཚོ་སྨད་རྫོང་གིས་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། ཆེད་དོན་སློབ་སྦྱོང་། “དུང་བརྡ་ཆེན་པོ”ནས་སྒྲོག་སྤེལ་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་སྒོ་ཧུར་ཐག་སྤེལ་བ་རེད། མཚོ་སྨད་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སློབ་སྦྱོང་བྱ་ཡུལ་མང་ཚོགས་ཀྱི་ཁྱིམ་དང་། ཁྲོམ་གཞུང་། འབྲོག་ཁུལ་རྩྭ་ར་བཅས་སུ་སྤོས་ནས། སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི“གཏན་འཇགས་འཆད་སྟེགས”དེ“སྐོར་སྐྱོད་སློབ་ཁང”དུ་བསྒྱུར་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་པ་རེད།

ཉེ་ཆར་མཛོ་སྒང་རྫོང་གིས་ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭའི་ཕུལ་བྱུང་འཆད་ཁྲིད་དགེ་རྒན་གདན་དྲངས་ནས་དྲ་ཐོག་བརྒྱུད། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཆེད་དོན་གསོ་སྦྱོང་ཚོགས་འདུ་འཚོགས་པར་ཁྱོན་མི་1840ལྷག་ཙམ་ཞུགས་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ནང“ཀྲུང་གོ་གུང་ཁྲན་ཏང་འཇོན་དོན”དང་། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན” “མར་ཁེ་སི་རིང་ལུགས་འགྲིག་དོན”སོགས་ཀྱི་ནང་དོན་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་དང་། རྒྱ་ཆེའི་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།