ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་རྫོང་མཁར་དང་དེའི་ཡན་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད98%ཡན་དུ་ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐཱན་ཉུང་གཏོང་དང་། སྦགས་བཙོག་འགོག་བཅོས། ལྗང་མདོག་རྒྱ་སྐྱེད་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། སྲ་གཟུགས་སྙིགས་རོའི་མགོ་ཁུངས་ཀྱི་གྲངས་ཚད་ཇེ་ཉུང་དང་ཐོན་ཁུངས་ཅན་བེད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ཉེ་སྔོན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ཀྱི“སྙིགས་མེད་གྲོང་ཁྱེར”བསྐྲུན་པའི་ལས་དོན་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཡོད། 2022ལོར་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་སུ“སྙིགས་མེད་གྲོང་ཁྱེར”བསྐྲུན་པའི་ལས་དོན་ཕྱོགས་ཡོངས་ནས་མགོ་ཚུགས་པ་དང་། 2025ལོར་སླེབས་དུས་བསྐྲུན་བཞིན་པའི“སྙིགས་མེད་གྲོང་ཁྱེར”རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ཀྱི“སྙིགས་མེད་གྲོང་ཁྱེར”བསྐྲུན་པར་དཔྱད་དཔོག་བྱེད་པ་དང་། གྲོང་ཁྱེར་གཞན་དག་དུ་རིམ་བཞིན“སྙིགས་མེད་གྲོང་ཁྱེར”བསྐྲུན་པའི་ལས་དོན་ལ་རྨང་གཞི་བརྟན་པོ་འཇོག་དགོས་པའི་བླང་བྱ་བཏོན་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 《ཇུས་གཞི》ཡིས“སྟེང་གི་བཀོད་པའི་ལམ་ལུགས་ཇུས་འགོད་ལ་ཤུགས་བསྣན་ནས་སྲ་གཟུགས་སྙིགས་རོ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ”དང་། “བཟོ་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བཟོ་ལས་སྲ་གཟུགས་སྙིགས་རོ་ཐག་གཅོད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ” “ཞིང་ཕྱུགས་ལས་ལྗང་མདོག་ཐོན་སྐྱེད་ལ་སྐུལ་འདེད་བཏང་ནས་ཞིང་ལས་སྙིགས་རོ་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ” “ལྗང་མདོག་གི་འཚོ་བ་རོལ་སྟངས་ལག་ལེན་བྱས་ནས་སྲ་གཟུགས་སྙིགས་རོའི་མགོ་ཁུངས་ཇེ་ཉུང་ལ་སྐུལ་འདེད་གཏོང་བ” “ཉེན་ཡོད་སྙིགས་རོའི་ཁོར་ཡུག་ཉེན་ཁར་འགག་སྡོམ་བྱས་ནས་ཉེན་ཡོད་སྙིགས་རོ་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་སུ་གཏོང་བ”བཅས་ཕྱོགས་ལྔའིི་ཐད་ནས་བྱེ་བྲག་གི་ལས་དོན་ལས་འགན16བཏོན་ཡོད་ལ། དེའི་མགོ་ཁྲིད་རྩ་འཛུགས་ཤུགས་སྣོན་དང་བྱ་བ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད། མ་དངུལ་གྱི་འགན་སྲུང་ཆེ་རུ་བཏང་བ། དྲིལ་སྒྲོག་ཁྲིད་སྟོན་དམ་འཛིན་བཅས་ཕྱོགས་བཞིའི་ཐད་ཀྱི་འགན་སྲུང་བྱེད་ཐབས་ཁ་གསལ་བྱས་ཡོད།

《ཇུས་གཞི》ནང་དཔལ་ཡོན་བདེ་འཇགས་ཀྱི་འཚོ་བ་རོལ་སྟངས་དང་འཛད་སྤྱོད་བྱེད་སྟངས་ཤུགས་ཆེན་སྒོས་བརྒྱུད་སྒྲོག་བྱས་ནས། སྤྱི་ཚོགས་ཡོངས་རང་འགུལ་ངང་གད་སྙིགས་རིགས་དབྱེ་ནང་ཞུགས་པ་དང་ལྗང་མདོག་འཛད་སྤྱོད་གོམས་གཤིས་ཆགས་པར་སྐུལ་ཁྲིད་བྱེད་པ་དང་། རང་རྟོགས་སྒོས་ཐེངས་གཅིག་རང་བཞིན་གྱི་འགྱིག་ཤོག་ཐོན་རྫས་སྤྱོད་ཚད་ཇེ་ཉུང་དང་ཚད་བརྒལ་གྱི་ཐུམ་རྒྱག་པར་བཀག་འགོག་བྱེད་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སྐར་རིམ་གསོལ་མགྲོན་ཁང་སོགས་ཞབས་ཞུ་རང་བཞིན་གྱི་ལས་རིགས་ཀྱིས་རང་འགུལ་ངང་ཐེངས་གཅིག་རང་བཞིན་གྱི་སྤྱོད་དངོས་མཁོ་འདོན་མི་བྱེད་པ། “སྙིགས་མེད”འདུ་ཤེས་རྒྱལ་དམངས་སློབ་གསོར་འདྲེས་བར་བྱས་ནས་སློབ་གྲྭས“སྙིགས་མེད་གྲོང་ཁྱེར”གྱི་དྲིལ་སྒྲོག་སྤེལ་བར་སྐུལ་ལྕག་བྱེད་པ། ལྗང་མདོག་ཟོག་འགྲེམས་མ་ལག་འཛུགས་སྐྲུན་བྱས་ནས་མྱུར་སྐྱེལ་ཐུམ་རྒྱག་རྒྱུ་ཆ་མགོ་ཁུངས་ནས་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་དང་། འཁོར་རྒྱུག་གི་བར་བརྒྱུད་ཁུག་མ་དང་འཁོར་རྒྱུག་མྱུར་སྐྱེལ་སྒམ་སྤྱོད་པ་ཁྱབ་གདལ་དུ་གཏོང་བ། སྦྲག་སྲིད་མྱུར་སྐྱེལ་ས་ཚིགས་སུ100%ཡིས་ཐུམ་རྒྱག་སྙིགས་རོ་ཕྱིར་སྡུད་ཀྱི་སྒམ་ཆུང་གྲ་སྒྲིག་བྱས་ཡོད་པ། འཚོ་བའི་གད་སྙིགས་རིགས་དབྱེའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། 2025ལོར་སླེབས་དུས། འབྲེལ་ཡོད་གྲོང་ཁྱེར་གྱི་ས་ཁུལ་ཁག་གིས་རིགས་དབྱེའི་ཕྱིར་འབུད་དང་། རིགས་དབྱེའི་གཅིག་སྡུད། རིགས་དབྱེའི་སྐྱེལ་འདྲེན། རིགས་དབྱེའི་ཐག་གཅོད་ཀྱི་འཚོ་བའི་གད་སྙིགས་ཐག་གཅོད་མ་ལག་གཞི་རྩའི་ཆ་ནས་འཛུགས་པ། ཟས་འཕྲོའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱེད་པའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ནས་ལྷ་ས་གྲོང་ཁྱེར་གྱི་ཟས་འཕྲོའི་གད་སྙིགས་ཐག་གཅོད་བཟོ་གྲྭའི(དུས་ཐེངས་གཉིས་པ)རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། འཚོ་བའི་གད་སྙིག་སྲེག་པའི་ནུས་པ་ཇེ་མཐོར་བཏང་སྟེ། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་སྲེག་པའི་གློག་འདོན་བཟོ་གྲྭའི(དུས་ཐེངས་གཉིས་པ)རྣམ་གྲངས་ལ་སྐུལ་འདེད་གཏོང་བ། སྙེ་མོ་དང་གྲོ་མོ། དིང་རི། བཞད་མཐོང་སྨོན། འབྲོང་པ། རྒྱལ་རྩེ། རིན་སྤུངས། ལྷ་རྩེ། སྣེ་གདོང་སོགས་རྫོང་དང་ཆུས་སུ་འཚོ་བའི་གད་སྙིགས་ཐག་གཅོད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། འབྲེལ་ཡོད་གྲོང་ཁྱེར་དང་རྫོང་མཁར་དང་དེའི་ཡན་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད98%ཡན་དུ་སླེབས་དགོས་པ་བསྟན་ཡོད།

《ཇུས་གཞི》ནང་ཡུལ་བབ་དང་བསྟུན་ནས་སྟབས་བདེ་བའི་གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་ཐབས་ལ་སྐུལ་འདེད་བཏང་ནས། རུལ་སླ་བའི་གད་སྙིགས་ས་གནས་སུ་ཐག་གཅོད་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པར་ཤུགས་སྣོན་པ། ཞིང་སྡེའི་འཚོ་བའི་གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་བེད་སྤྱོད་ཀྱི་དཔེ་སྟོན་རྫོང་བཏོད་པའི་ལས་དོན་འཚོལ་ཞིབ་བྱེད་པ། ཆུང་གྲས་ཅན་དང་ཁ་ཐོར་ཅན། གནོད་མེད་ཅན་གྱི་ཐག་གཅོད་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་ས་གནས་དེ་ག་དང་ཐག་ཉེ་སེ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། འབྲེལ་ཡོད་གྲོང་ཁྱེར་ཁག་གི95%སྲིད་འཛིན་གྲོང་ཚོས་ཞིང་སྡེའི་འཚོ་བའི་གད་སྙིགས་སྡུད་ལེན་དང་དབོར་འདྲེན། ཐག་གཅོད་ཀྱི་མ་ལག་ཡོངས་སུ་ཁྱབ་པ། ལུགས་མཐུན་སྒོས་སྙིགས་རོ་ཕྱིར་འབུད་ས་ཚིགས་དང་བར་བརྒྱུད་ས་ཚིགས། རིགས་དབྱེ་ལྟེ་གནས་བཅས་རིམ་པ་གསུམ་གྱི་ཕྱིར་སྡུད་མ་ལག་འཛུགས་སྐྲུན་བྱེད་པ། འཚོ་བའི་གད་སྙིགས་རིགས་དབྱེ་དྲ་ཚིགས་དང་སླར་སྐྱེས་ཐོན་ཁུངས་ཕྱིར་བསྡུ་དྲ་ཚིགས་མཉམ་འདྲེས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལྕགས་རིགས་དང་། འགྱིག་ཤོག ཤོག་བུ། ཤེལ་སྒོ འཐག་རྫས། རླངས་འཁོར་གྱི་འཁོར་ལོ་སོགས་ཕྱིར་སྡུད་ལེན་ཆོག་པའི་དངོས་རྫས་བསྡུ་ལེན་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། གྲོང་ཁྱེར་རིམ་པའི་སླར་སྐྱེས་ཐོན་ཁུངས་གཅིག་སྡུད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སླར་སྐྱེས་ཐོན་ཁུངས་ཀྱི་གཙོ་གནད་རིགས་སྡུད་ལེན་བྱེད་ཚད80%ཡན་དུ་སླེབས་པ་བརྩོན་ལེན་བྱེད་པ། སླར་སྐྱེས་ཐོན་ཁུངས་སྡུད་ལེན་ཐོན་ལས་ཅན་དུ་འཕེལ་རྒྱས་ཡོང་བར་རིམ་བཞིན་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

《ཇུས་གཞི》བཏོན་པ་དེས་སྦགས་བཙོག་འགོག་བཅོས་དམག་འཐབ་ལེགས་པོར་རྒྱག་པ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་བཏོད་པ་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་དོན་དངོས་དོན་སྙིང་གལ་ཆེན་ཐོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།