ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་ས་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རྣམ་གྲངས་སྐུལ་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020221201367618438878.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རྣམ་གྲངས་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ། གྲོང་གསེབ་དར་སྤེལ་རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་འགྲོ་གྲོན་གྱི་འཕེལ་རིམ་བཅས་ལ་ཡང་བསྐྱར་གསེད་བཀྲོལ་དང་ཕྱོགས་ཡོངས་ནས་བཀོད་གཏོང་བྱས། ཆེད་བསྐོས་པ་གཞོན་པ་ཚེ་རིང་བཀྲ་ཤིས་ཚོགས་འདུར་ཞུགས།

ཚོགས་འདུ་ཐོག་གྲོང་གསེབ་དར་སྤེལ་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ལྕི་བ་དང་འགན་འཁྲི་ཆེ་བས། སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་མ་འཇོག་དང་རྣམ་གྲངས་ཀྱི་ལས་དོན་ལ་དམ་འཛིན་བྱ་གཞི་སྔར་བས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། རྒྱལ་ཁབ་སྲིད་ཇུས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པར་བྱེད་པ་དང་། མ་འཇོག་གི་འཐེན་ཤུགས་དང་སྔར་བས་ཆེ་བའི་ཆོད་སེམས་དང་ནུས་ལྡན་གྱི་བྱེད་ཐབས་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་དམ་འཛིན་ལེགས་པོར་བྱེད་པ། མགྱོགས་མྱུར་སྒོས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ནས་ཞིང་ལས་ཞིང་སྡེ་སྔོན་དུ་འཕེལ་རྒྱས་ཀྱི་བླང་བྱ་དོན་དུ་འཁྱོལ་བར་བྱེད་པ། སྔར་བས་ཤུགས་ཆེན་སྒོས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

W020221201367618747045.png

ཚོགས་འདུའི་ཐོག གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས་རྨང་གཞིི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོར་འབྲེལ་ཡོད་པས། སྡེ་ཁག་སོ་སོས་སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བཙུགས་ནས་ཞབས་ཞུའི་འདུ་ཤེས་དང་ཁག་ཁུར་འདུ་ཤེས་ཆེ་རུ་བཏང་བ་དང་། རང་འགུལ་ངང་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། ཆེས་མགྱོགས་པའི་མྱུར་ཚད་ཀྱིས་རྣམ་གྲངས་ཀྱི་སྔོན་དུས་ལས་དོན་ལེགས་འགྲུབ་ཡོང་བ་བརྩོན་ལེན་བྱེད་པ། ཟླ12པའི་མཇུག་གི་སྔོན་དུ2023ལོའི་གྲོང་གསེབ་དར་སྤེལ་རྣམ་གྲངས་ཀྱི་སྔོན་དུས་ལས་དོན་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ། ལོ་དེའི་རྣམ་གྲངས་ཀྱི་ལས་མགོ་བསྐྱར་ཚུགས་བྱུང་ཚད100%ལ་སླེབས་པ། ཀྲུང་དབྱང་གི་མ་དངུལ་གྱིས་འགྲོ་གྲོན་སྦྲེལ་མཐུད་འཕེལ་རིམ་གྱི100%ཟིན་པ། མ་དངུལ་སྤྱི་འདོམས་དང་བསྡུ་སྒྲིལ་གྱི་འགྲོ་གྲོན་འཕེལ་རིམ 85%ཡན་དུ་སླེབས་དགོས་པ་སོགས་ནན་གྱིས་བསྟན། 

ཚོགས་འདུའི་ཐོག སྡེ་ཁག་སོ་སོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུའི་མུ་འབྲེལ་ཐབས་ཇུས་བཀོད་སྒྲིག་དང་ས་ཁུལ་ཨུ་ལྷན་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྙིང་སྟོབས་ཆེར་སྐྱེད་དང་བློ་སེམས་གཅིག་སྒྲིལ། ཐབས་མང་མཉམ་སྤྱོད་ཀྱིས་ལས་དོན་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།