ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཉིང་ཁྲི་ཡིས་བྱེད་ཐབས་བཏོན་ནས་ཕྲུ་གུ་གསུམ་པ་བཙའ་བའི་སྲིད་ཇུས་ལག་བསྟར་བྱ་བར་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་ཉེ་ཆར《ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་སྡེའི་སྡོད་དམངས་བུ་བཙའ་འགན་སྲུང་བྱེད་ཐབས(གནས་སྐབས་ལག་བསྟར)》འགྲེམ་སྤེལ་བྱས་ཤིང་། བྱེད་ཐབས་ནང“ཧུར་ཐག་སྒོས་ཕྲུ་གུ་གསུམ་པ་བཙའ་བའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་བར་རྒྱབ་སྐྱོར་བྱས་ནས། སྔར་ལས་ལྷག་པའི་ངང་ཉིང་ཁྲིའི་གྲོང་ཁྱེར་དང་གྲོང་སྡེའི་སྡོད་དམངས་ཀྱི་བུ་བཙའ་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ”དང“འགན་བཅོལ་ནང་ཞུགས་པའི་སྡོད་དམངས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་བཞིན་བུ་མང་པོ་བཙའ་བ་དང་གསོ་སྐྱོང་ཡག་པོ་བྱེད་པ”སོགས་ནང་དོན་གསལ་བོར་བསྟན།

བྱེད་ཐབས་ཀྱི་ནང་དོན་ལ་བསྡོམས་པས་དོན་ཚན་ཉེར་གསུམ་ཡོད་པ་དང་། དོན་ཚན་གཉིས་པའི་ནང“མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་གྲངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་དགོས”ཞེས་བསྟན་ཡོད་པ་མ་ཟད། བྱེད་ཐབས་ནང་ད་དུང་འགན་བཅོལ་ནང་ཞུགས་པའི་སྡོད་དམངས་ཁྱབ་ཁོངས་དང་། སྨན་བཅོས་འགན་བཅོལ་འགན་སྲུང་སྡེ་ཚན་གྱི་འགན་འཁྲི། འགན་བཅོལ་ནང་ཞུགས་མཁན་སྡོད་དམངས་སྒེར་གྱིས་བུ་བཙའ་འགན་སྲུང་དངུལ་དང་བུ་བཙའ་འགན་སྲུང་མ་དངུལ་འབྱུང་ཁུངས། རིགས་སོ་སོའི་འགྲོ་གྲོན་ཁ་གསབ་ཚད་གཞི་སྤྲོད་མི་དགོས་ཞེས་གསལ་བོར་བརྗོད་ཡོད།

ཤེས་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་སྲིད་ཇུས་འོག གྲོང་ཁྱེར་དང་གྲོང་སྡེའི་སྡོད་དམངས་ལུགས་མཐུན་འགྲོ་གྲོན100%རྩིས་ཞུ་བྱ་རྒྱུ་ཡིན། 2021ལོར་ཉིང་ཁྲིའི་གྲོང་ཁྱེར་དང་གྲོང་སྡེའི་སྡོད་དམངས་སྨན་ཁང་བསྡད་དེ་བུ་བཙའ་བ་མི་ཐེངས1487ཟིན་ཞིང་། སྤྱིའི་སྨན་བཅོས་འགྲོ་གྲོན་སྒོར་ཁྲི1238.32ཟིན་པ། མང་ཚོགས་ཀྱིས་ལག་སྒོར་ཁྲི135.37སྤྲད་པའི་ནང་མང་ཆེ་ཤས་སྨན་ཁང་ནང་དུ་འདུག་དུས་ཀྱི་འགྲོ་གྲོན་ཡིན་ལ། དོན་དངོས་རང་གི་སྤྲད་པའི་འགྲོ་གྲོན་བསྡུར་ཚད10.93%དང་རྩིས་ཞུ་བྱེད་ཚད89.07%ཡིན། 

བྱེད་ཐབས་འདིའི་ནང་སྦྲུམ་མའི་བུ་བཙའ་ཡི་འགྲོ་གྲོན་ཐོག་མ་བླངས་བ་མ་ཟད། བུ་མ་བཙས་སྔོན་གྱི་གསེད་བདམས་དང་ནད་དཔྱད་ཐད་བུ་གཅིག་ལ་ཆེས་མཐོ་ན་སྒོར600ཡི་ཁ་གསབ་དངུལ་སྤྲོད་པ་དང་། གསར་སྐྱེས་ཕྲུ་གུའི་བདག་སྐྱོང་འགྲོ་གྲོན་ཁ་གསབ། གཞན་འཆར་ལྡན་བུ་བཙའ་ཡི་འགྲོ་གྲོན་ཁ་གསབ་བཅས་བསྡོམས་པས་སྒོར6000ལ་ཟིན།

2021ལོའི་ཟླ5བར་བོད་རང་སྐྱོང་ལྗོངས་ཀྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྤེལ་ནས་ལྗོངས་ཡོངས་ཀྱི་ཐེངས་བདུན་པའི་རྒྱལ་ཡོངས་མི་གྲངས་ཡོངས་བཤེར་གཞི་གྲངས་གནས་ཚུལ་ངོ་སྤྲོད་བྱས་པ་དང་། བོད་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་མི་གྲངས་ཁྲི320.47ཟིན་ཡོད། དེའི་ཁྲོད་བོད་རིགས་མི་གྲངས་ཁྲི313.79ཟིན་ནས2010ལོ་དང་བསྡུར་ན་ཁྲི42.15ཡིས་འཕར་ཡོད། འཕར་ཚད15.52% དང་ལོ་རེའི་ཆ་སྙོམས་འཕར་ཚད1.45% ། གྲངས་ཉུང་མི་རིགས་གཞན་གྱི་མི་གྲངས་ཁྲི6.68ཟིན་ནས2010དང་བསྡུར་ན་ཁྲི2.63 འཕར་ཡོད་ལ། འཕར་ཚད64.95%ཟིན་ནས་ལོ་རེའི་ཆ་སྙོམས་འཕར་ཚད5.13%ཟིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།