ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

“ཕྲན་ཚེགས་བཞིའི”སློབ་སྦྱོང་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མངའ་རིས་སུ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་མངའ་རིས་ས་ཁུལ་གྱིས་ཏང་གི་སློབ་ཚན་ཕྲན་ཚེགས་དང་། གཏམ་རྒྱུད་ཕྲན་ཚེགས། སྒྲོག་འགྲེལ་ཕྲན་ཚེགས། གྱེར་འདོན་ཕྲན་ཚེགས་བཅས་ཀྱི“ཕྲན་ཚེགས་བཞིའི”ལས་སྟེགས་ལ་བརྟེན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མངའ་རིས་སུ་དོན་ཐོག་ཏུ་འཁྱོལ་བར་རམ་འདེགས་བྱས་པ་རེད།

མངའ་རིས་ས་ཁུལ་གྱིས་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས“སློབ་ཁང་ཕྲན་ཚེགས”བཏོད་དེ་ཏང་ཡོན་ལས་བྱེད་པས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་འགན་འཁྲི་དང་ལས་འགན་སྒྲོག་འགྲེལ་བྱས་ཏེ་ཀྲི་པུའི་ཧྲུའུ་ཅིས་སྣེ་ཁྲིད་དེ་ཤོད་པ་དང་ཏང་ཡོན་དཀྱུས་མས་གླེང་རེས་བྱེད་པའི་སློབ་སྦྱོང་བྱེད་སྟངས་ཤིག་ཆགས་པ་རེད། མིག་སྔའི་བར་ཀྲི་པུའི་ཧྲུའུ་ཅིས་སྣེ་ཁྲིད་དེ་ཏང་གི་ཕྲན་ཚེགས་སློབ་ཚན་ཐེངས་100ལྷག་ཙམ་ཁྲིད་པ་དང་ཏང་ཡོན་ལས་བྱེད་པ་2000ལྷག་ཙམ་གྱིས་བསམ་ཚུལ་དང་མྱོང་ཚོར་གླེང་བ་རེད། མཁའ་དབྱིངས་ཀྱི་མངའ་རིས་ཞེས་པའི་སྐད་འཕྲིན་སྤྱི་རྟགས་སོགས་སྤྱད་དེ“དྲ་ཐོག་སློབ་ཁང”བཙུགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་དོན་ཆེད་སྒྲིག་ལེ་ཚན་བཏོད་དེ་འབྲེལ་ཡོད་ནང་དོན་500ལྷག་ཙམ་ཁྲིད་པ་རེད། རྒྱང་ཁྲིད་ས་ཚིགས་202ལ་བརྟེན་ནས“སྒྲོག་འགྲེལ་ཕྲན་ཚེགས”ཧུར་ཐག་བྱས་ཏེ་དོན་ཟབ་ལ་གོ་སླ་བའི་སྐད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ལྟ་བ་གསར་པ་དང་། ཆོད་གཏམ་གསར་པ། དགོངས་པ་གསར་པ་བཅས་དྲིལ་བསྒྲགས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།