ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་ཏུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

fc9c5d7f-d65f-40ce-a2ed-22a595f78df1.jpg.1.jpg 

འདི་ནི་ཝང་ཅུན་ཀྲེང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གནའ་དཔེ་ཉར་ཚགས་ཁང་དུ་ཕེབས་ནས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཁྲིད་ཚན་ཞིབ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བཞིན་པ། 

b721b278-dbdf-4d90-b381-ea0f96629884.jpg.1.jpg

འདི་ནི་ཝང་ཅུན་ཀྲེང་བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭའི་ལུས་རྩལ་ཐང་དུ་ཕེབས་ནས་སློབ་ཁྲིད་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་11ཚེས་22ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭར་ཕེབས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། སློབ་གྲྭའི་སློབ་ཁྲིད་ཚན་ཞིབ་དང་དོ་དམ་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ་དང་། སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། ལེགས་ཆའི་ཁྱད་ཆོས་མངོན་གསལ་དོད་པ། གསོ་སྐྱོང་བྱེད་ཐབས་གསར་གཏོད། ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནི་གསོ་རིག་དང་། སློབ་གསོ། ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་དང་སྨན་རྫས་ཀྱི་མཐོ་རིམ་སློབ་གྲྭ་ཞིག་རེད། ཝང་ཅུན་ཀྲེང་སྨན་པའི་འཛིན་གྲྭ་དང་། གནའ་དཔེ་ཉར་ཚགས་ཁང་། སློབ་ཁྲིད་སྨན་ཐང་ཁང་བཅས་སུ་ཕེབས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སློབ་ཁྲིད་ཚན་ཞིབ་ལས་དོན་ལ་རྟོག་ཞིབ་གནང་བ་མ་ཟད། སློབ་གྲྭ་འཛུགས་སྐྱོང་དང་སློབ་གཉེར་གྱི་ཁྱད་ཆོས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། ཁོང་གིས། སྲོལ་རྒྱུན་རྒྱུན་འཛིན་དང་གསར་འབྱེད་གསར་གཏོད་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དགོས་མཁོ་གལ་ཆེན་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་མཐའ་འཁྱོངས་བྱེད་པ་དང་། སློབ་གཉེར་གྱི་ཁྱད་ཆོས་མངོན་པ། ལེགས་ཆའི་རིག་ཚན་སྟོབས་ཆེར་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ལུགས་གསོ་རིག་དང་བོད་སྨན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་འདིང་དགོས་པའི་ནན་བཤད་གནང་བ་རེད།

བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭ་ནི་རང་ལྗོངས་ཀྱི་སྤྱི་བདེའི་སློབ་གླིང་འབའ་ཞིག་དེ་རེད། ཝང་ཅུན་ཀྲེང་སྐས་རིམ་སློབ་ཁང་དང་། ཚོད་ལྟའི་ཐོག་ཁང་། ལུས་རྩལ་ཐང་བཅས་སུ་ཕེབས་ནས་སློབ་ཁྲིད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་ཉེན་རྟོག་པའི་བླ་སྲོག་སྐྱེད་སྲིང་ལ་ཚད་མཐོའི་མཐོང་ཆེན་བྱེད་པར། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་གསོ་སྐྱོང་དང་ཆབ་སྲིད་ལ་བརྟེན་ནས་སློབ་གྲྭ་འཛུགས་སྐྱོང་མཐའ་འཁྱོངས་བྱེད་པ་དང་། སྤྱི་བདེ་སློབ་གླིང་དང་སློབ་གྲྭའི་ཁྱད་ཆོས་མངོན་པ། ཉེན་རྟོག་པའི་ལས་རིགས་ཀྱི་བྱང་ཚད་སློབ་གསོར་ཤུགས་སྣོན་རྒྱག་པ། དངོས་འཐབ་ལ་ཕྱོགས་པ་དང་། དངོས་འཐབ་ལ་ཞུགས་པ། དངོས་འཐབ་ལ་ཞབས་འདེགས་ཞུ་བ་བཅས་བྱེད་པ། ཉེན་རྟོག་པའི་དངོས་འཐབ་ཅན་གྱི་སློབ་ཁྲིད་ཤུགས་ཆེན་སྤེལ་བ། བསམ་བློ་ཆབ་སྲིད་བརྟན་པ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་བའི་ཉེན་རྟོག་ལས་དོན་གྱི་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཉེན་རྟོག་སློབ་གྲྭའི་སློབ་གཉེར་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་སློབ་མ་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་བ་མ་ཟད། སློབ་མ་ཚོས་སློབ་སྦྱོང་གི་གོ་སྐབས་གཅེས་འཛིན་བྱས་ནས་བྱང་ཆུབ་པའི་འཇོན་ཐང་སྦྱོང་བ་དང་། སློབ་གྲྭ་ཐོན་རྗེས་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་གཞི་རིམ་དུ་གཞི་ཚུགས་པ་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ཕུགས་འདུན་བློ་ལ་བཅངས་ནས་ལས་དོན་ཏན་ཏིག་སྒྲུབ་པ། བསམ་ཕོད་སྒྲུབ་ཕོད་པ་དང་ལས་དོན་སྒྲུབ་མཁས་པ། ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱ་རྒྱུའི་དམ་བཅའ་འཇོག་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ལང་ཚོའི་མེ་ཏོག་བཞད་པར་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད།

ཝང་ཅུན་ཀྲེང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། རྒྱ་ཆེ་ཞིང་གཏིང་ཟབ་པ་བཅས་ཡོད་པས། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ་དང་། སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སློབ་མར་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཏང་གི་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་གཉེར་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་སློབ་གསོ་ལག་བསྟར་བཅས་བྱས་ཏེ་དུས་རབས་གསར་པའི“བཞི་ལྡན”གྱི་དགེ་རྒན་ཡག་པོ་ཞིག་དང“སྣེ་ཁྲིད་པ་བཞི”ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།