ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་གི་དཔེ་སྟོན་རྫོང་ཐོག་མ་བཏོད་པའི་ལས་དོན་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་གི་དཔེ་སྟོན་རྫོང(ཆུས)དྲ་ཐོག་ཏུ་དཔྱད་འདེམས་བྱེད་པའི་ཚོགས་འདུ་བསྡུས་ཤིང་། དུས་ཡུན་ལོ་གཉིས་རིང་གི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་གི་དཔེ་སྟོན་རྫོང་ཐོག་མ་བཏོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས།

ཐེངས་འདིའི་དྲ་ཐོག་དཔྱད་འདེམས་ཚོགས་འདུའི་ཐོག འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ7གདན་ཞུ་བྱས་ཡོད་ལ། གྲོང་ཁྱེར་དང་ས་ཁུལ་སོ་སོའི་རིག་གནས་ཅུའུ་ཡིས་འོས་སྦྱོར་བྱས་པའི་རྫོང་དང་ཆུས14ཡི་གསར་གཏོད་ཇུས་གཞི་དང་། རགས་བཤད་སྙན་ཞུ་བཅས་ལ་ཉན་པ་མ་ཟད། དྲ་ཐོག་ཏུ་འདྲི་ཚིག་དྲིས་པ་དང་བགྲོ་གླེང་། དཔྱད་འདེམས་བཅས་སྤེལ།

བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་གི་དཔེ་སྟོན་རྫོང་བཏོད་པའི་ལས་དོན་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་སྐོར་གྱི་བླང་བྱ་བཅས་ལ་དམ་པོར་དམིགས་ཏེ། དཔེ་སྟོན་རྫོང་བཏོད་པའི་ལས་དོན་ཇུས་གཞི་དང་ཚད་གཞི་ལྟར་ལོ་གཉིས་ཀྱི་གསར་གཏོད་དུས་ཡུན་ནང་སྤྱི་བའི་རིག་གནས་ཞབས་ཞུ་བཅོས་སྒྱུར་དང་གསར་གཏོད་གཏིང་ཟབ་དུ་བཏང་བ་དང་སྤྱི་བའི་རིག་གནས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་སྟེ། བོད་ལྗོངས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་བཏོད་ཆེད་ཐབས་ལམ་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག དཔེ་སྟོན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།