ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཐབས་མང་སྤྱད་ནས་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་དུས་ཐོག་ཏུ་སྤྲོད་པར་འགན་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་བྱུང་རྗེས། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཡིས་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་དུས་ལྟར་འདང་ངེས་སྤྲོད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས། ཟླ10པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་རྒན་གསོའི་འགན་བཅོལ་ཐོབ་ཐང་མི་ཐེངས་ཁྲི87.24སྤྲད་ནས་མ་དངུལ་སྒོར་དུང་ཕྱུར34.98ཟིན་པ་དང་། ལས་རིགས་ཀྱི་ལོའི་འགན་བཅོལ་ཐོབ་ཐང་བསྡོམས་པས་མི་ཐེངས་ཁྲི2.2སྤྲད་ནས་མ་དངུལ་སྒོར་ཁྲི861.94ཟིན་པ། ལས་རྨས་འགན་བཅོལ་ཐོབ་ཐང་མི་ཐེངས1381སྤྲད་པ་དང་མ་དངུལ་སྒོར་ཁྲི1309.13ཟིན་ཡོད། 

“ཁྱིམ་དུ་བསྡད་ཀྱང་སྒྲུབ་གཉེར་མཚམས་མི་འཇོག་པ་དང་། ཞབས་ཞུ་ནམ་ཡང་མཚམས་མི་ཆད་པའི”བླང་བྱ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་དོ་དམ་ཅུའུ་ཡིས་ཁྱིམ་སྡོད་དང་ལས་གནས་སུ་ཕྱིར་ལོག་པ་ཟུང་འབྲེལ་གྱི་གཞུང་སྒྲུབ་བྱེད་སྟངས་སྤྱད་དེ། ལས་དོན་ཁག་ལ་གཟའ་འཁོར་རེར་བཀོད་གཏོང་དང་ཟླ་བ་རེར་སྤྱི་སྡོམ་བྱས་པ་དང་། ས་གནས་ཁག་གི་དངུལ་སྤྱོད་འཆར་གཞི་སྔོན་མ་ནས་བཀོད་གཏོང་བྱས་པ། ལྗོངས་ནོར་སྲིད་ཐིང་དུ་མ་དངུལ་གཤམ་སྤྲོད་ཀྱི་རེ་ཞུ་བཏོན་པ། ལྗོངས་ཡོངས་ཀྱི་སྤྱིི་ཚོགས་འགན་བཅོལ་མ་དངུལ་ཚང་མ་སྔོན་མ་ནས་དམིགས་སར་འབྱོར་བ་བཅས་བྱས་པ་རེད། 

ལས་སྒོའི་མ་ལག་འཐུས་ཚང་དུ་བཏང་བ་དང་ཆབས་ཅིག བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་བཅོལ་བྱང་བུའི་རྒྱུན་སྤྱོད་བྱེད་ནུས་མུ་མཐུད་རྒྱ་སྐྱེད་དུ་བཏང་བ་དང་། ལྗོངས་ནང་ཁུལ་གྱི་བྱང་བུ་བཟོ་བའི་དངུལ་ཁང8དུ་སྤྱི་ཚོགས་འགན་བཅོལ་སྡེ་ཁག་དང་དངུལ་ཁང་གི་ཆ་འཕྲིན་སྦྲེལ་མཐུད་ཀྱི་ལས་སྟེགས་བགྲོད་ལམ་གཏད་དེ། ལྗོངས་ཡོངས་ཀྱི་རྒན་གསོའི་འགན་བཅོལ་དང་ལས་རྨས་འགན་བཅོལ། ལས་རིགས་ཀྱི་ལོའི་འགན་བཅོལ་ཐོབ་ཐང་བཅས་བོད་རང་སྐྱོང་ལྗོངས་ཀྱིས་ཐད་ཀར་སྤྲོད་པ་མངོན་འགྱུར་བྱུང་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བཏོན་པའི“ཕྱོགས་ཡོངས་ནས་མེད་པར་གཏོང་བ་གསུམ”གྱི་བླང་བྱ་ལེགས་འགྲུབ་ཟིན་པ། ལྗོངས་ཡོངས་ལ་ལོ་མང་རིང་དཀའ་གནད་བཟོས་པའི་ཞིང་ཆེན་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་ཐོབ་ཐང་དུས་ཐོག་ཏུ་འདང་ངེས་བདེ་འཇགས་ངང་འགྲེམ་གཏོང་གི་གནད་དོན་ཐག་གཅོད་བྱས་པ་རེད། རིམས་ནད་རིང་། ཞིང་ཆེན་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ་ཁྲི1ལྷག་ལ་སྒོར་དུང་ཕྱུར2.55ལྷག་སྤྲད།

 བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་དོ་དམ་ཅུའུ་ཡིས“ཐུག་མི་དགོས་པའི”ཞབས་ཞུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། དྲ་ཐོག་སྒྲུབ་གཉེར་དང་། ལག་ཁྱེར་ཁ་པར་ཐོག་སྒྲུབ་གཉེར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་དུས་ཐོག་ཏུ་འགན་ཞུགས་ལས་ཁུངས་དང་མི་སྒེར་གྱི་དྲ་ཐོག་རང་འགུལ་རེ་ཞུ་ལ་མཛུབ་སྟོན་བྱས་ནས། མི་ཚོགས་འདུ་འཛོམས་བྱུང་ནས་རིམས་ནད་མཆེད་པའི་ཉེན་ཁ་ཇེ་དམའ་རུ་བཏང་བ་རེད། དེ་དང་ཆབས་ཅིག 《དུས་མཚམས་རང་བཞིན་གྱིས་སྤྱི་ཚོགས་འགན་བཅོལ་ནར་འགྱངས་སྤྲོད་པའི་སྲིད་ཇུས་དྲིལ་སྒྲོག》གི་བརྙན་ཐུང་བཟོས་ཏེ། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་ཏུ་དྲིལ་སྒྲོག་ཁྱབ་གདལ་དུ་བཏང་ནས། ཁེ་ལས་དང་མང་ཚོགས་ཀྱི་སྲིད་ཇུས་ཤེས་རྟོགས་བྱུང་ཚད་ཇེ་མཐོར་བཏང་། ཟླ10པའི་ཟླ་མཇུག་བར།  བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་དོ་དམ་ཅུའུ་ཡིས“ཐུག་མི་དགོས་པའི”ཞབས་ཞུ་བརྒྱུད་ནས་སྒྲུབ་གཉེར་མི་སྣས་ལས་སྒོ6915སྒྲུབ་ཟིན་ལ། དེ་དག་མི་སྒེར7596དང་ལས་ཁུངས4685ལ་འབྲེལ་བ་ཡོད། རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་མཐུད་སྦྲེལ་ལས་སྒོ478སྒྲུབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།