བློ་བརྟན་འགྱུར་མེད་ཀྱིས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ།

——ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པ་དང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱང་དུས་རབས་གསར་བར་སླེབས་ནས། མགྱོགས་མྱུར་འཕར་སྣོན་གྱི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྐྱོད་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་རེར་འཕར་སྣོན་གྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ལེགས་པོར་སྐོང་ཐུབ་པའི་འཕེལ་རྒྱས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་འཕེལ་རྒྱས་མངོན་པ། གསར་གཏོད་སྒུལ་ཤུགས་དང་པོར་འགྱུར་བ་དང་མཐུན་སྦྱོར་ནང་གནས་ཁྱད་ཆོས་སུ་འགྱུར་བ། ལྗང་མདོག་ཡོངས་ཁྱབ་ཀྱི་རྣམ་པར་འགྱུར་བ། སྒོ་དབྱེ་དགོས་ངེས་ཀྱི་བགྲོད་ལམ་དུ་འགྱུར་བ། ལོངས་སྤྱོད་གཞི་རྩའི་དམིགས་ཚད་དུ་འགྱུར་བའི་འཕེལ་རྒྱས་བཅས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་འཕོ་འགྱུར་གསར་བ། ལག་ལེན་གྱི་བླང་བྱ་གསར་བ་བཅས་ལ་གཞིགས་ཏེ། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཕྱོགས་ཡོོངས་ནས་འཕེལ་རྒྱས་གསར་བའི་སྒྲིག་གཞི་མགྱོགས་མྱུར་ངང་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་བསླབ་གཞི་རབ་དང་རིམ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བ་དང་དེ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེའི་མཆོང་སྐྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དྲིས་ལན་བཏབ་པ་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེ་བའི་ལེའུ་གསར་བ་གཉིས་བརྩམས་ཡོད།

W020221121355794285770.jpg

པར་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་དེང་རབས་ཞིང་ལས་རྟེན་གཞི་རེད། 

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་ལས་འགན་ཐོག་མ་ཡིན། འཕེལ་རྒྱས་ནི་ཏང་སྐྱོང་སྲིད་དར་རྒྱལ་ཁབ་ཀྱི་ལས་འགན་དང་པོ་ཡིན། སྲ་བརྟན་གྱི་དངོས་པོའི་ལག་རྩལ་གྱི་རྨང་གཞི་མེད་ན་སྤྱིི་ཚོགས་རིིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོངས་ཡོངས་ནས་བསྐྲུན་མི་ཐུབ་པས། ངེས་པར་དུ་ཆ་ཚང་དང་ཡང་དག ཕྱོགས་ཡོངས་བཅས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བཅོས་བསྒྱུར་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་གཞི་ཡིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཕན་ཚུན་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་གྱིས་བསྐྲུན་དགོས”ཞེས་བསྟན་ཡོད། འདི་ཡིས་ཕྱོགས་ཡོངས་ནས་ཏང་གིས་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་བླངས་བའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་གྲུབ་འབྲས་སྤྱི་སྡོམ་བྱས་ཡོད། དེའི་ཁྲོད་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་ཡིས་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་སྙིང་སྟོབས་དང་། འཕེལ་རྒྱས་ཀྱི་ལངས་ཕྱོགས། འཕེལ་རྒྱས་གཞི་རྩ་བཅས་ལ་འགྲེལ་བཤད་གཏིང་ཟབ་བྱས་ཡོད། ཏང་གི་བོད་ལྗོངས་ལས་དོན་གྱི་ལག་ལེན་ལ་བལྟས་ན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་ལྟ་བ་དེ་ཏང་གི་བོད་ལྗོངས་ལས་དོན་གྱི་ལོ་ངོ70ལྷག་གི་རླབས་ཆེའི་ལག་ལེན་གྱི་ལོ་རྒྱུས་གོ་རིམ་ནང་དོན་འཁྱོལ་ཧུར་ཐག་བྱས་ནས། ཏང་གི་བོད་ལྗོངས་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱིི་གྲུབ་འབྲས་ལེན་པར་ཁྲིད་སྟོན་བྱེད་པའི་བསམ་བློའི་དྲག་ཆས་སུ་གྱུར་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་བློོ་གཅིག་སེམས་གཅིག་གིས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་བདེ་རྩ་བསྐྲུན་པ་ཕྱོགས་ཡོངས་ནས་མངོན་པ་དང་། ཏང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཡང་དག་ཡིན་པར་བདེན་དཔང་གང་ལེགས་བྱས་ཡོད། 

W020221121356177398089.jpg

པར་འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་རྣམ་པ་གསར་བ་རེད།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་གཞི་རྩའི་ལངས་ཕྱོགས་དམ་འཛིན་ནན་མོ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའིི་ནང“མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་མི་དམངས་ཀྱི་ཆེད་ཡིན་པ་དང་། འཕེལ་རྒྱས་མི་དམངས་ལ་རག་ལས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་ལོངས་སྤྱོད་བྱེད་དགོས”ཞེས་བསྟན་ཡོད། དེས་ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་སྒྲུབ་པའི་གཞི་རྩའི་བྱེད་ཕྱོགས་ལ་འགྲེལ་བཤད་གཏིང་ཟབ་བྱས་ཡོད། གཞི་རྩའི་བྱེད་ཕྱོགས་འདི་ཡིས་ཏང་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་ཀྱི་བློ་དཀར་འཐུས་ཚབ་པ་དང་འགྱུར་མེད་ཀྱི་སྲུང་སྐྱོང་མཁན་ཡིན་པ་དང་། ཏང་གི་ལས་དོན་ཡོད་ཚད་ཀྱིས་ངེས་པར་དུ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་དེ་ཚད་གཞི་མཐོ་ཤོས་སུ་འཛིན་དགོས་པ་ཐག་གཅོད་བྱས་ཡོད། ཏང་གི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་ན་རྒྱུན་མཐུད་སྒོས་རྒྱ་ཆེའི་མི་དམངས་ལ་ཁེ་ཕན་སྐྲུན་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་འདྲ་མཉམ་སྒོས་ཡོངས་ཁྱབ་ཐུབ་དགོས། 2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོོག་ཞིབ་གནང་སྐབས“བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཚེ་ངེས་པར་དུ་འཕེལ་རྒྱས་ཀྱིི་ལས་དོན་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་སྩོལ་དགོས་པ་དང་། ཚང་མར་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་སྩོལ་བ། ཚང་མ་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་མཐོར་འདེགས་སུ་གཏོང་བར་ཕན་པ་ཡོད”ཅེས་ནན་གྱིས་བསྟན་ཡོད། འདི་ཡིས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་གསལ་དུ་བཏོན་ཡོད་ལ། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་བསམ་བློའི་ཁྲིད་སྟོན་མཁོ་འདོན་བྱས་ཡོད། ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་སྔར་བས་འདྲ་མཉམ་སྒོས་མི་དམངས་ལ་ཕན་ཐོགས་པ། སྤྱི་ཚོགས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་ནི་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་སྙིང་རེད།

W020221121355890937428.png

པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་རྩ་མདའ་གྲོང་ཚོའི་བདེ་སྡོད་ལས་གཞི་རེད།

དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་གྲངས་ཚད་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་གཏིང་ཟབ་བྱེད་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་འདི་ཉིད་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་གཞི་འཛུགས་ས་ཡིན་པའི་ཆ་ནས། དེ་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞོགས་འདེགས་གལ་ཆེན་ཞིག་རེད། 1980ལོ་ནས2022ལོའི་བར་གྱི་ལོ་ངོ40ཡི་རིང་ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་བསྡུས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་དེ་ཁམས་གསོ་ནས་དེང་རབས་ཅན་འཛུགས་སྐྲུན་བར་དང་། རྒྱལ་ཡོངས་བོད་སྐྱོར་ནས་མཆོང་སྐྱོད་རྣམ་པ་དང་མཐུན་སྦྱོར་རྣམ་པའི་འཕེལ་རྒྱས་ཀྱི་གོ་རིམ་དུ་སྐྱོད་མགོ་བརྩམས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྟེང་གི་བཀོད་པ་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་ཡང་དག་གསལ་སྟོན་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས། བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཕྱོད་ནུས་ཤུགས་ཡོད་རྒུས་ཇེ་མཐོར་བཏང་བ། དཔལ་འབྱོར་རྒྱུན་མཐུད་འཕར་སྣོོན་གྱིི་འགུལ་ཤུགས་ཆེ་རུ་བཏང་བ། གསར་གཏོོད་ཀྱིས་ཞན་ཆ་གསབ་པདང་འགུལ་ནུས་ཇེ་དྲག་ཏུ་བཏང་བ། ལྗང་མདོག་གིས་ཕྱོགས་སྒྱུར་དང་འཕར་སྣོན་བརྟན་པོ་ཡོང་བར་རོགས་རམ་བྱས་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་བ།  གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་སྐུལ་འདེད་བཏང་བ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མངོན་འགྱུར་བྱུང་བ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལ་གནམ་ས་བླ་འོག་ལྟ་བུའི་འཕོ་འགྱུར་བྱུང་ཡོད་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་མཆོང་བརྒལ་གསར་བ་བྱུང་བ། རོང་འབྲོག་མང་ཚོགས་ཀྱི་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ནས2021ལོར་སྒོར14598སླེབས་ཡོད་ལ། ཡིག་ཚགས་དང་བྱང་བུ་བཟོས་བའི་དབུལ་ཕོངས་མི་འབོར་ཁྲི62.8དབུལ་ཐར་བྱུང་ནས་དབུལ་ཞྭ་ཕུད་ཡོད། མཐོ་སློབ་མཐར་ཕྱིན་སློབ་མའི་སྤྱི་ཡོངས་ཀྱི་ལས་ཞུགས་ཐུབ་ཚད95%ཡན་དུ་རྒྱུན་འཁྱོངས་ཐུབ་ནས། བསྡོམས་པས་རོང་འབྲོག་ཁུལ་དུ་ངལ་ནུས་ལྷག་མ་མི་ཐེངས་ཁྲི283.9སྤོ་སྒྱུར་བྱས་པ། ལོ15ཡི་རིན་མེད་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད95.03%ལ་སླེབས་པ་དང་། “100%ཅན་ལྔ”ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད། ཞིང་ཆེན་བརྒལ་ནས་སྨན་པ་བསྟེན་པའི་སྨན་རིན་ཡུལ་གཞན་དུ་རྩིས་སྤྲོད་བྱེད་པའི་ལས་སྒོ་གཉེར་མགོ་བརྩམས་པ་དང་། ཐུམ་འབུའི་ནད་ཀྱི་སྐྱོབ་བཅོས་ལ་ཐག་གཅོད་རང་བཞིན་གྱི་ཕན་འབྲས་ཐོན་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ72.19བར་ཇེ་མཐོར་ཕྱིན་པ། གཞི་རྩའི་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད95%ཡན་དུ་སླེབས་ཡོད། མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ40ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད། མི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་དུས་རབས་སུ་སྤོས་ཡོད་ལ། སྤྱི་ཚོགས་ཀྱི་སྤྱི་ཡོངས་སྔར་བས་བརྟན་བརླིང་ཡིན་པ་དང་དཔལ་འབྱོར་སྤྱི་ཚོགས་སྔར་བས་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པ། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་བཅས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་གཏིང་ཟབ་བྱེད་པ་ནི་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་རྩ་བའི་བླང་བྱ་ཡིན་པ་མངོན་ཡོད། 

W020221121356055974609.jpg

པར་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ཁྱད་ལྡན་ཐོན་རྫས་རེད།

མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཤུགས་སྣོན་གྱི་གཏིང་ཚད་ནས་འཕེལ་རྒྱས་གསར་བའི་སྒྲིག་གཞིར་ཕྱོགས་ཡོངས་ནས་ཞབས་ཞུ་དང་མཉམ་འདྲེས་བྱེད་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཤུགས་སྣོན་ནི་བོད་ལྗོངས་ལས་དོན་གྱི་རྐང་ཚུགས་ས་དང་ཤུགས་འདོན་ས་ཡིན་ལ། དེ་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་སྔོན་འགྲོའི་ཆ་རྐྱེན་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གོ་གནས་གལ་ཆེན་ཏུ་བཞག་ནས། “རྒྱལ་ཁབ་སྐྱོང་ན་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་ན་སྔོན་ལ་བོད་ལྗོངས་སྐྱོང་བའི”འཐབ་ཇུས་བསམ་བློ་བཏོན་པ་དང་། དུས་རབས་གསར་བའིི་མཐའ་དར་དམངས་ཕྱུག་བྱ་འགུལ་ལ་སྐུལ་འདེད་བཏང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག བོོད་ལྗོངས་ཀྱི་མི་རིགས་སོ་སོའི་ཡིད་རྟོན་དང་རང་སྟོབས་དང་མཐུན་སྒྲིལ་འབད་བརྩོན་གྱིས་རྨང་གཞིའི་སྒྲིག་བཀོད་སྐས་རིམ་གསར་བར་སླེབས་ཡོད། ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་ཕྱིན་ནས། མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་ཡོད། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་བརྟན་པོའི་ངང་ཇེ་མཐོར་ཕྱིན་པ་དང་། མཐའ་མཚམས་བརྟན་བརླིང་དང་བདེ་འཇགས་སུ་ཕྱིན། མི་རིགས་སོ་སོའི་རྣམ་པ་དང་མི་རིགས་ཀྱི་འབྲེལ་བའི་རྣམ་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་བཅས་ལ་འགྱུར་ལྡོག་བྱུང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ངོས་འཛིན་མུ་མཐུད་ཇེ་དྲག་ཏུ་ཕྱིན་ཡོད། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཇེ་དྲག་ཏུ་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་སྲ་བརྟན་དུ་བཏང་ལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་སྒྲིལ་ནུས་པ་དང་ཡར་བརྩོན་ནུས་པ་ཆེས་ཆེར་མཐོར་འདེགས་སུ་ཕྱིན་ནས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་ཐུན་མོང་མངོན་འགྱུར་བྱེད”ཅེས་པའི་རྣམ་པ་ལེགས་པོ་མངོན་ཡོད། དུས་རབས་གསར་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཤུགས་སྣོན། དམངས་འཚོ་ལེགས་བཅོས། མི་སེམས་གཅིག་སྒྲིལ་བཅས་ལ་རྐང་ཚུགས་པ་དང་། “བརྟན་བརླིང་དང་། འཕེལ་རྒྱས། མཐའ་མཚམས་སྟོབས་ལྡན། སྐྱེ་ཁམས”དོན་ཆེན་བཞིར་དམིགས་ནས། བརྟན་བརླིང་སྲུང་སྐྱོང་འགན་འཁྲི་དང་པོར་བརྩི་བ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་ཏུ་བྱས་ཏེ། འཕེལ་རྒྱས་དོ་སྙོམས་མིན་པ་དང་འདང་ངེས་མིན་པའི་གནད་དོན་ལ་དམ་པོར་དམིགས་ནས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། བོད་ལྗོངས་ཀྱི་ལེགས་ཆར་རྐང་ཚུགས་ནས་ནང་ལོགས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ལ། རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྲོམ་ར་ནང་འདྲེས་པར་བྱས་ཏེ། མཁོ་སྤྲོད་ལ་སྐུལ་འདེད་བཏང་ནས་སྔར་བས་ཆུ་ཚད་མཐོ་བའི་འཁོར་རྒྱུག་ལེགས་པོ་མངོན་འགྱུར་བྱུང་ནས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བོད་ལྗོངས་ལེའུ་རྩོམ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།