ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་སླར་གསོ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020221122003102595040.jpg

པར་འདི་ནི་ཟླ11པའི་ཚེས21ཉིན་གྱི་ཐོ་རེངས་དུས་སུ་འགྲུལ་བ་ལྷ་སའི་མེ་འཁོར་འབབ་ཚུགས་སུ་མེ་འཁོར་ལ་འདུག་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས21ཉིན་གྱི་ཐོ་རེངས། ལྷ་ས་ནས་གཞིས་ཀ་རྩེའི་ཕྱོགས་ཀྱི་མེ་འཁོརC925དང་ལྷ་ས་ནས་ཉིང་ཁྲིའི་ཕྱོགས་ཀྱིC927བསྐྱར་དར་རྟགས་ཅན་གྱི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ལྷ་སའི་མེ་འཁོར་འབབ་ཚུགས་སུ་ལམ་ལ་ཆས་རྩིས་ཡོད། འདི་ནི་ད་ལོའི་ཟླ8པར་བོད་རང་སྐྱོང་ལྗོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་མཐོ་སྒང་དུ་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཐོག་མར་སླར་གསོ་བྱུང་།

ཟླ11པའི་ཚེས19ཉིན་གྱི་དགོང་མོར། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱི་བསྒྲགས་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་བའི་བཀོད་སྒྲིག་གཞིར་བཟུང་། ཟླ11པའི་ཚེས21ཉིན་ནས་བཟུང་ལྷ་ས་ནས་གཞིས་ཀ་རྩེའི་ཕྱོགས་སུ་མེ་འཁོརC925/6དང་ལྷ་ས་ནས་ཉིང་ཁྲིའི་ཕྱོགས་སུC927/8གནས་སྐབས་འགྲུལ་སྐྱེལ་ཤུགས་འགྲེམས་མེ་འཁོར་གཏོང་རྒྱུ་ཐག་གཅོད་བྱས།

W020221122003325728873.jpg

པར་འདི་ནི་ཟླ11པའི་ཚེས21ཉིན་གྱི་ཐོ་རེངས་དུས་སུ་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལྷ་སའི་མེ་འཁོར་འབབ་ཚུགས་སུ་ལམ་ལ་ཆས་པའི་རྣམ་པ་རེད།

ཐེངས་འདིའི་གནས་སྐབས་འགྲུལ་སྐྱེལ་ཤུགས་འགྲེམས་མེ་འཁོར་ཟླ11པའི་ཚེས30ཉིན་བར་གཏོང་རྒྱུ་ཡིན་ལ། ཤུགས་འགྲེམ་མེ་འཁོར་ཚན་ཆུང་གིས་འབབ་ཚུགས་ཀྱི་སྐར་ཁུང་སོ་སོ་དང་དྲ་ཐོག་ཕན་ཚུན་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་སྤ་སེ་ཕྱིར་འཚོང་བྱས་པ། བོད་རང་སྐྱོང་ལྗོངས་ཀྱི་འབབ་ཚུགས་སོ་སོའི་འགྲུལ་བ་མེ་འཁོར་འབབ་ཚུགས་སུ་འགྲོ་སྐབས་མེ་འཁོར་འབབ་ཚུགས་ཀྱི“གནས་ཡུལ་ཨང་བཤེར”དང“བོད་ལྗོངས་ཀྱི་བདེ་བགྲོད་ཨང་བཤེར” “ཉིན་གསུམ་ཐེངས་གཉིས་བཤེར་བའི”ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་བདེན་དཔང་བཅས་ཁྱེར་ནས་མེ་འཁོར་ལ་འདུག་དགོས།

W020221122003610449867.jpg

པར་འདི་ནི་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་ས་ཚིགས་སུ་འཕྲོད་བསྟེན་གཙང་དག་ལས་དོན་སྤེལ་བཞིན་པའི་རྣམ་པ་རེད། 

ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། འགྲུལ་བའི་སྐྱེལ་འདྲེན་རྩ་འཛུགས་ལས་དོན་ལེགས་པོར་སྒྲུབ་ཆེད། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་སྒྲིག་ཆས་སྒྲིག་བཀོད་དང་། རིམས་ནད་འགོག་སྡོམ། འགྲུལ་སྐྱེལ་རྩ་འཛུགས། དགུན་དུས་ཁངས་དང་འཁྱགས་རོམ་གཙང་སེལ། བདེ་འཇགས་ཞིབ་བཤེར། ལས་བཟོ་བའི་དཔུང་སྡེ་བཅས་ཕྱོགས8ལ་དམིགས་ཏེ། ཕྱོགས་ཡོངས་ནས་ཉེན་ཁ་ཞིབ་འཇུག་བརྡར་གཅོད་བྱས་ནས་བདེ་འཇགས་རྨང་གཞི་སྲ་བརྟན་དུ་བཏང་ཡོད། 

ལྷ་ཉིང་ལྕགས་ལམ་ལམ་རྒྱུད་ཀྱི་འབབ་ཚུགས་སོ་སོས་ཀྱང་སྔོན་མ་ནས་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་ནས། འགྲུལ་སྐྱེལ་དང་སྤ་སེ་བཙོང་བའི་སྒྲིག་ཆས་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཉམས་གསོ་བྱས་ནས་ས་ཚིགས་སོ་སོའི་གློག་རྡུལ་འཕྲུལ་ཆས་དང་། འགྲུལ་སྐྱེལ་གློག་སྐས། རྒྱང་སྒྲོག་སོགས་ལ་ཚོད་ལྟ་བྱས་ནས་སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་ལེགས་པར་འགན་ལེན་བྱས། འབབ་ཚུགས་སོ་སོས་རིམས་ནད་འགོག་སྡོམ་གྱི་སྲིད་ཇུས་དང་མེ་འཁོར་འཁོར་སྐྱོད་པར་རིས་ལེགས་སྒྲིག་ཡིག་ཆ། ལྷ་ཉིང་མཚམས་ཀྱི་འགྲུལ་བ་དང་ཟོག་འགྲེམ་ཁུལ་གྱི་བྱེད་ཐབས་སོགས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ། འགྲུལ་བའི་གནད་དོན་ལ་འགྲེལ་ལན་སློག་པར་སྟབས་བདེ་བཟོས།  འབབ་ཚུགས་སོ་སོས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་ཚན་ཆུང་དང་ཁུལ་བགོས་ནས་ནང་ཁུལ་དུ་གཙང་དག་བྱས་པ་དང་། སྒྲུག་སྡོད་ཚོམས་དང་སྤ་སེ་ཕྱིར་འཚོང་ཚོམས། འཕྲོད་བསྟེན་ཁང་། རྐུབ་སྟེགས་སོགས་སྤྱི་བའི་གནས་ཡུལ་དང་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་དུག་སེལ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་འབབ་ཚུགས་ཁག་གི་འཕྲོད་བསྟེན་གཙང་དག་ལས་འགན་ལེགས་འགྲུབ་བཅས་བྱས་ནས། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་སླར་གསོ་ཡོང་བར་གྲ་སྒྲིག་འདང་ངེས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།