ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷུན་གྲུབ་རྫོང་གིས་ལས་ཀ་དང་ཚོང་ལས་སླར་གསོ་བྱས་ཚད90%ཡན་ཟིན་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས་བསོད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པའི་རྨང་གཞིའི་ཐོག  ཉེ་ཆར། བོད་ལྗོངས་ལྷ་ས་ལྷུན་གྲུབ་རྫོང་གི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་ལས་དོན་ལས་ཁུངས་སོགས་ཀྱིས་རྒྱུན་གཏན་གྱི་ལས་ཀའི་སྒྲིག་ལམ་སླར་གསོ་བྱས་པ་དང་། ཚོང་ཁང་དང་ཟ་ཁང་། སྨན་ཁང་སོགས་ཁྲོམ་རའི་གཙོ་གཞི་ཚོང་ཁང་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་དང་།  “མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་རྣམ་གྲངས། 2021ལོའི་སྤྱི་པའི་སྡོད་ཁང་བོགས་གཏོང་རྣམ་གྲངས་སོགས་གཙོ་གནད་རྣམ་གྲངས་བསྐྱར་དུ་སླར་གསོ་དང་ལས་འགོ་བརྩམས་ཡོད། མིག་སྔའི་བར། ལྷུན་གྲུབ་རྫོང་གིས་ལས་ཀ་དང་ཚོང་ལས་སླར་གསོ་བྱས་ཚད90%ཡན་ཟིན་ཡོད་པ་རེད།   

 ལྷུན་གྲུབ་རྫོང་ཀན་ཆུས་ལམ་གྱི་གྱོན་ཆས་ཚོང་ཁང་ཞིག་གི་སྦྱིན་བདག་ཀྲིན་ཞིའུ་ཀྲེན་གྱིས་གསར་འགོད་པར་བཤད་རྒྱུར། “རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་ལས་སླ་པོར་ཐོབ་པ་ཞིག་མིན་པས། ང་ཚོ་ཚང་མས་རང་རྟོགས་ངང་རིམས་འགོག་གི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས། ཚོང་གཉེར་སླར་གསོ་བྱས་ཚུན་ཉོ་སྒྲུབ་བྱེད་པར་ཡོང་མཁན་གྱི་སྐུ་མགྲོན་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་ཕྱིན་ནས་ཚོང་གཉེར་ཡོང་འབབ་ཀྱང་རྒྱུན་ཆད་མེད་པར་མང་དུ་འགྲོ་གི་ཡོད། ཚང་མས་ཉོ་སྒྲུབ་བདེ་འཇགས་ལ་འགན་ལེན་བྱ་ཆེད།  ཚོང་ཁང་ནང་ཐེངས་གཅིག་རང་བཞིན་གྱི་སྨན་བཅོས་ཁ་ཐུམ་གྲ་སྒྲིག་བྱས་ནས་རིན་པ་མི་དགོས་པར་དགོས་མཁོ་ཡོད་པའི་སྐུ་མགྲོན་ལ་མཁོ་འདོན་བྱེད་བཞིན་ཡོད”ཟེར།  

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ9པའི་ཚེས5ཉིན་ནས་བཟུང་ལྷུན་གྲུབ་རྫོང་གིས་ཁུལ་བགོས་རིམ་དབྱེ་ཅན་གྱི་དོ་དམ་ཚོད་འཛིན་རྩ་དོན་ལྟར་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་པ་རེད། མིག་སྔར་བསྐྱར་དུ་སླར་གསོ་བྱས་པའི་ཚོང་ཁང600ལྷག་ཡོད་པ་རེད།།

རྩོམ་སྒྲིག་པ། : གངས་བསོད།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།