ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་མ་སྐྱེད་འཇལ་སྤྲོད་ནར་འགྱངས་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཀྱིས་ཀྲུང་དབྱང་གི་དངུལ་རྩའི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱས་ནས། 2022ལོའི་དུས་ཚིགས་བཞི་པར་དུས་བཀག་ཐིམ་རུང་རིམས་ནད་ཀྱིས་རྐྱེན་པས་གནས་སྐབས་དཀའ་ངལ་འཕྲད་པའི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན(སྒེར་གཉེར་བཟོ་ཚོང་དུད་ཚང་དང་ཕྲན་ཚེགས་ཁེ་ལས་ཀྱི་གཉེར་སྐྱོང་རང་བཞིན་གྱི་དངུལ་བུན་ཚུད་པ)ཁྲོམ་ར་ཅན་གྱི་རྩ་དོན་ལྟར་མ་སྐྱེད་འཇལ་སྤྲོད་ནར་འགྱངས་བྱ་རྒྱུ་དང་། དངུལ་བུན་གྱི་རྒྱུན་གཏན་གྱི་སྐྱེད་ཀ་ནར་འགྱངས་དང་དུས་བརྒལ་སྐྱེད་ཆད་མི་བསྡུ་བ་མ་ཟད། མ་སྐྱེད་འཇལ་སྤྲོད་དུས་ཡུན་རིང་ཤོས་2023ལོའི་ཟླ་6ཚེས་30ཉིན་བར་ནར་འགྱངས་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་བོད་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རིམ་རྩིས་བྱས་ན་མ་སྐྱེད་འཇལ་སྤྲོད་དངུལ་འབོར་སྒོར་དུང་ཕྱུར་148.2ནར་འགྱངས་བྱས་པའི་ནང་། རིམས་ནད་ཐོན་རིང་རིམ་རྩིས་བྱས་ན་དཀའ་ངལ་འཕྲད་པའི་ལས་རིགས་དང་ཁེ་ལས་1070ཡི་དངུལ་བུན་སྒོར་དུང་ཕྱུར་54.3ནར་འགྱངས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།

ད་ལོའི་ཚུན། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་དཀའ་ངལ་ཡོད་པའི་ལས་རིགས་དང་ཁེ་ལས་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ། སྒེར་གཉེར་བཟོ་ཚོང་དུད་ཚང་བཅས་ལ་ནུས་ཤུགས་ཡོད་རྒུས་དཀའ་ངལ་སེལ་རོགས་བྱ་ཆེད། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ལྗོངས་ཡོངས་ཀྱི་མི་དམངས་དངུལ་ཁང་གི་ས་ཁུལ་དང་གྲོང་ཁྱེར་ཁག(འགག་སྒོ)གི་ལྟེ་བའི་ཉིང་ལག་དངུལ་ཁང་དང་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་སྒྲིག་འཛུགས་བྱས་ནས། རིམས་ནད་ཐོན་རིང་དངུལ་ཁང་ལས་རིགས་ཀྱིས་ཧེ་བག་ཡོད་པའི་སྒོ་ནས་བུན་འཇལ་ནར་འགྱངས་ལ་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་བཀྲམ་སྟེ། སྲིད་ཇུས་ཀྱི་ནང་དོན་དང་། འདུན་ཞུའི་བརྒྱུད་རིམ། ཡིད་རྟོན་ཆ་འཕྲིན་བསྡུ་ལེན་གྱི་ཟིན་ཐོ་བསྒྱུར་བ་སོགས་ཀྱི་དོན་གནད་ཡོངས་བསྒྲགས་བྱས་ནས། རང་འགུལ་ངང་ཁེ་ལས་དང་འབྲེལ་གཏུག་གིས་དུས་འགྱངས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང། “ནར་འགྱངས་བྱེད་དགོས་རིགས་ཚང་མ་ནར་འགྱངས”དོན་འཁྱོལ་བྱེད་པ། བུན་འཇལ་ནར་འགྱངས་ཀྱི་དུས་བཅད་བཟོ་བ་དང་། གསར་གཡར་རྙིང་འཇལ་བྱེད་པ། བུན་འཇལ་གྱི་འཆར་གཞི་ལེགས་སྒྲིག་བྱེད་པའམ་ཡང་ན་མུ་མཐུད་དངུལ་བུན་གཏོང་བ་སོགས་ལ་རྒྱབ་སྐྱོར་བྱེད་པ། རྨོངས་ཚོད་ཀྱིས་དངུལ་བུན་འཐེན་བཅད་མི་བྱེད་པ་དང་དུས་བཅད་ལྟར་དངུལ་བུན་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་འཚོ་རྟེན་ནུས་པ་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།