ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཧྲང་ཧའེ་རུ་གཞིས་ཀ་རྩེའི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་འབྲེལ་གཏུག་ཚོགས་ཆུང་གིས་གཙོ་གཉེར་བྱས་པའི་ཧྲང་ཧའེ་རུ་གཞིས་རྩེའི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་ཇོ་མོ་གླང་མའི་གཉེན་སྒྲིག་ཡུལ་སྐོར་བྱེད་སྒོ་ཧྲང་ཧའེ་རུ་སྤེལ་འགོ་ཚུགས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་G318དང་G219ཡི་ལམ་ཐིག་གཙོ་བོའི་ཡུལ་སྐོར་ཐོན་ཁུངས་ལ་དམིགས་ནས“རྒྱལ་ལམ་མཛེས་ཤོས”དང་། ཇོ་མོ་གླང་མ་སྐོར་བ། ཤི་ཤ་སྦང་མ་བསྐོར་བའི་རྐང་ཐང་ཡུལ་སྐོར་རྣམ་གྲངས་སོགས་ཡུལ་སྐོར་རྣམ་གྲངས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། “རི་བོ་དང་དགོན་སྡེའི”སེམས་སྐྱིད་ཡུལ་སྐོར(ཇོ་མོ་གླང་མའི་ཉིན་གཉིས་ཀྱི་སྤུས་ལེཌ་ངོ་མཚར་ཡུལ་སྐོར)དང་། “ཇོ་མོ་གླང་མའི་ཕ་ཡུལ”གྱི་རྩེར་སོན་ཡུལ་སྐོར(ཇོ་མོ་གླང་མ་ཉིན་གསུམ་བསྐོར་བའི་ཡུལ་སྐོར) “རྒྱལ་ཁབ་ཀྱི་ལམ་ཆེན”G219ཡི་མཐའ་མཚམས་ཡུལ་སྐོར(ཧི་མ་ལ་ཡའི་ལྷོ་འདབས་སྦས་ཡུལ་གྱི་ཉིན་བཞིའི་སྤྲོ་གསེང་ཡུལ་སྐོར)སོགས་ཀྱི་ལམ་ཐིག་མཚམས་སྦྱོར་བྱས་པ་རེད། དེ་དང་ཆབས་ཅིག་ཤེ་ཁྲེང་ཚོགས་པ་དང་མཉམ་འབྲེལ་བྱས་ནས་རིན་ཐང་སྒོར་ཁྲི་1800རི་བའི་ཡུལ་སྐོར་དམངས་ཕན་འཛད་སྤྱོད་འཛིན་ཤོག་སྤྲད་དེ་རིན་གོང་གཅོག་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་ཡུལ་སྐོར་བར་ཕན་པ་བསྐྲུན་རྒྱུ་ཡིན་པ་རེད།

དེ་རྗེས་ཧྲང་ཧའེ་ཡི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་ཝུའུ་ཡིའུ་ཁྲེང་བཟའ་ཚོས་ཇོ་མོ་གླང་མའི་གཉེན་སྒྲིག་ནང་ཞུགས་མཁན་ཚོའི་ཚབ་བྱས་ནས“བླ་ན་མེད་པའི་བརྩེ་དུང--ཇོ་མོ་གླང་མར་ལས་འཕྲོའི་མདུད་པ་ཐེབས”ཞེས་པའི་ཇོ་མོ་གླང་མའི་གཉེན་སྒྲིག་ཡུལ་སྐོར་གྱི་གཅེས་སེམས་གནམ་གྲུའི་སྤ་སེ་བླངས་པ་རེད། དེ་དང་ཆབས་ཅིག་རིམས་འགོག་སྨན་དོན་མི་སྣ་དང་བོད་སྐྱོར་དགེ་རྒན་སོགས་ཀྱི་བཟའ་ཚོ་5གདན་དྲངས་ནས་ཧྲང་ཧའེ་ནས་གཞིས་རྩེ་བར་གྱི་སྤྲོ་སྐྱིད་ཡུལ་སྐོར་བྱེད་འགོ་ཚུགས་པ་རེད།

ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པའི་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་ཕེང་དབྱི་ཧའོ་ཡིས། གོམ་སྟབས་རྗེས་མར་ཧྲང་ཧའེ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་ལས་ཀྱི་ལམ་སྲོལ་རྒྱུན་མཐུད་བརྟན་དུ་བཏང་ནས་སྤུས་རྟགས་དྲིལ་བསྒྲགས་ཁྱབ་གདལ་དང་། སྒྲིག་བཀོད་དང་ཞབས་ཞུ་ལེགས་སུ་གཏོང་བ། གྲངས་འཛིན་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།