ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1129068610_16660243990441n.jpg

པར་འདི་ནི་ཟླ10པའི་ཚེས17ཉིན་བློ་མཐུན་ཝང་དབྱང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས་པའི་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན་གྱི་སྔ་དྲོར། བློ་མཐུན་ཝང་དབྱང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ལྗོངས་འཐུས་ཚབ་ཚོགས་པ་ཡོད་སར་ཕེབས་ཏེ། འཐུས་མི་ཚོ་དང་ལྷན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར་གྲོས་བསྡུར་གནང་བ་རེད། ཝང་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གནང་བའི་སྙན་ཞུའི་བརྗོད་དོན་ཁ་གསལ་ཞིང་། དགོངས་པ་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས། དེ་ནི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། ཏང་སེམས་གཅིག་སྒྲིལ། དམངས་སེམས་དྲོད་པ། སེམས་པ་གཅིག་མཐུན་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་ལེའུ་གསར་རྩོམ་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཀྱང་ཡིན། དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་གནས་ཚད་གསར་པ་གཏན་འཁེལ་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་བདེན་པའི་སྟོབས་ཤུགས་གསར་པ་བསྣན་པ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཁྲིད་སྟོན་གསར་པ་མཁོ་འདོན་བྱས་ཡོད་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་དཔའ་ངར་ཞུམ་མེད་ངང་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་ལྕག་ཆེན་པོ་ཐེབས་ངེས་བ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་གོང་བུ་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་ངེས་རེད་ཅེས་བསྟན།

ཝང་དབྱང་གིས་དུས་རབས་གསར་པའི་ལོ་ངོ10རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ནི་རྒྱུན་ལྡན་དང་སྤྱིར་བཏང་བ་ཞིག་གཏན་ནས་མིན་པ་དང་། དུས་རབས་གསར་པའི་ལོ་ངོ10ཡི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་འཕོ་འགྱུར་རླབས་པོ་ཆེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་རྒྱུ་ཡིན་ལ་ལས་སླ་པོར་བྱུང་བ་ཞིག་ཀྱང་མིན། “གཏན་ཕབ་གཉིས”ནི་ཏང་ཡོངས་ཀྱི་འདོད་བློ་དང་དམངས་སེམས་གཏད་ཕྱོགས་རེད་ལ། ང་ཚོས་ངེས་གཏན་མེད་པ་ཡོད་ཚད་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་ཀྱང་རེད། དམིགས་ཚད་ཇི་ཙམ་རླབས་ཆེ་བ་དང་། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་བ། གནས་བབ་ཇི་ཙམ་རྙོག་འཛིང་ཆེ་བ་བཅས་ཀྱི་སྐབས་སུ“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལོན་པར་བྱེད་པ་དང་ཆབས་ཅིག སྔར་བས་རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་དང་། སྔར་བས་རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱས་ཏེ། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ་མདུན་སྐྱོད་བྱེད་དགོས་པ་ནན་གྱིས་བསྟན།

ཝང་དབྱང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་ང་ཚོ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་འགག་རྩ་རེད། དེས་ན་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཏང་གི་ལྟེ་བའི་ལས་འགན་གཞི་རྩར་བཟུང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་ཤིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ཡོང་བཞིན་པའི་རྒྱབ་ལྗོངས་འོག་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་།  འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ནས་རང་འགུལ་དང་ལེགས་ཆ། འབྱུང་འགྱུར་བཅས་ཐོབ་པར་བྱེད་དགོས་ཞེས་བསྟན།

ཝང་དབྱང་གིས་དུས་རབས་གསར་པའི་ལོ་ངོ10ནི་བོད་ལྗོངས་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་ཐོབ་མང་ཤོས་བཅས་ཀྱི་ལོ་ངོ10རེད། བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། ཡུན་འཕེལ་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ། ཡུན་རིང་བདེ་བཀོད་དང་འབྲེལ་བ་ཡོད་པའི་གཞི་རྩའི་འགལ་ཟླ་དང་གནད་དོན་ཐག་གཅོད་མང་ཙམ་བཅས་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་གིས་བསྐྲུན་པའི་རེ་བ་ཡོད་ཅེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།