ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་བྱ་ཐབས་སྣ་ཚོགས་བཏོན་ནས་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས9ཉིན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་བྱ་ཐབས་སྣ་ཚོགས་བཏོན་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི《དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་པའི་སྐོར་གྱི་གནས་སྐབས་རང་བཞིན་གྱི་བྱ་ཐབས་འགའ་ཞིག》ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཞིབ་ཚགས་དང་ཏན་ཏིག་དང་། ཞབས་ཞུ་རྒྱབ་སྐྱོར་བྱས་ནས“མི་དམངས་གློག་་ཤུགས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཁེ་ལས་ཀྱི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བ་དང་། དཔལ་འབྱོར་བརྟན་པོ་དང་། འཕེལ་རྒྱས་ལ་སྐུལ་འདེད། ཉེན་ཁ་སྔོན་འགོག བདེ་འཇགས་འགན་སྲུང་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་བརྟན་པོ་འཁོར་སྐྱོད་ཐུབ་པར“བརྟན་པོའི་ཡོ་ཆས”དང“གྲུ་རྡོའི”ནུས་པ་འདོན་པ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས།

གློག་ཤུགས་མཁོ་འདོན་འགན་ལེན་བྱས་ཤིང་། གློག་དྲ་བཀོད་གཏོང་འཁོར་རྒྱུག་ལེགས་སུ་བཏང་ནས་གློག་ཁུངས་སྣ་ཚོགས་ཀྱི་གློག་གཏོང་བཀོད་སྒྲིག་ལ་སྤྱི་འདོམས་བྱས་ཡོད། གློག་སྐུད་དང་སྒྲིག་ཆས་ལ་སྐོར་ཞིབ་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་ཁག་གློག་དྲ་འཁོར་རྒྱུག་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད། དམངས་འཚོ་དང་། སྤྱི་པའི་ཞབས་ཞུ། གཙོ་གནད་ཁེ་ལས་བཅས་ཀྱི་གློག་སྤྱོད་འགན་ལེན་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རམ་འདེགས་བྱས།

ལས་གནས་བརྟན་པོ་དང་ལས་ཞུགས་ཐུབ་པར་འདེགས་སྐྱོར་བྱས་ཤིང་། ཡུལ་དེ་གའི་དབུལ་སྐྱོར་ཐོན་རྫས་ཟ་ཁང་དུ་སྤྱོད་པའི་བྱ་ཐབས་དོན་འཁྱོལ་བྱས་པ་དང་། ལོ་ཧྲིལ་པོར་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི8000ལས་མི་ཉུང་བ་ཡོང་བར་སྐུལ་ཁྲིད་བྱས་པ། 2023ལོའི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བསྡུ་བའི་ལས་དོན་སྤེལ་བ་དང་གློག་གཏོང་ཞབས་ཞུའི་ལས་མི་སྤྱོད་པའི་ཆེད་དོན་གདན་ཞུ་བྱས་ཏེ་ངལ་ལས་མངགས་གཏོང་དང་ལས་མི་སྤྱོད་པའི་གཞི་ཁྱོན་མི་ཆག་པའི་འགན་ལེན་བྱས་ནས་དམངས་འཚོའི་བྱ་བ་དངོས་ལེགས་པར་བསྒྲུབས།

ཁུར་པོ་ཡང་གཏོང་གི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། རིམས་ནད་ཐོན་རིང་གློག་ཤུགས་སྤྱོད་མཁན་ཁྱིམ་དུད་ཚང་མར“གློག་རིན་ཆད་ཀྱང་གློག་མ་བཀག་པའི”བྱ་ཐབས་སྤྱོད་པ་དང་། ཕྲན་ཚེགས་ཁེ་ལས་དང་། ཁྱེར་རྐྱང་བཟོ་ཚོང་དུད་ཚང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གློག་སྤྱོད་དུད་ཚང་བཅས་ལ་ཟླ་བ་6གི་གློག་རིན་འགྱངས་འཇལ་དུས་ཚོད་བཟོས་པ་དང་འབྲེལ། གློག་རིན་གྱི་གན་རྒྱ་ལས་འགལ་བའི་དངུལ་ཆད་ཆག་ཡང་བཏང་ཡོད། ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཁང་གླ་ཆག་ཡང་སྲིད་ཇུས་དོན་འཁྱོལ་བྱས་ནས་2022ལོར་ཟླ་6གི་ཁང་རིན་མི་བསྡུ་བའི་རྨང་གཞིའི་ཐོག་སླར་ཡང་ཟླ་བ་3གྱི་ཁང་རིན་བསྡུས་མེད།

གློག་དྲ་འཛུགས་སྐྲུན་མགྱོགས་སུ་བཏང་ཞིང་། ལོ་འཁོར་གྱི་གློག་དྲའི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་དམིགས་ཚད་མི་ཆག་པ་དང་ལས་དོན་སྤེལ་ཤུགས་མི་ཆག་པའི་འགན་ལེན་བྱས་ཡོད། མཚོ་བོད་ལྕགས་ལམ་གྱི་གློག་ཤུགས་ཅན་སྒྱུར་བཀོད་གློག་གཏོང་ལས་གྲྭ་དང་མཚོ་བོད་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་སོགས་ལ་ཞིབ་བཤེར་ཆོག་མཆན་གྱི་འགྲོ་ལུགས་མགྱོགས་པོ་གཉེར་ནས་སྔ་ཙམ་ལས་འགོ་ཚུགས་པའི་བརྩོན་ལེན་བྱས།

གྲོན་དངུལ་སྤྲོད་རྒྱུ་འགན་ལེན་བྱས་ཤིང་། གན་རྒྱ་གཞིར་བཟུང་དུས་ཐོག་ཏུ་གྲོན་དངུལ་གྲངས་ཚང་སྤྲད་དེ་ཞིང་པ་ལས་མིའི་གླ་ཆ་དང་ཕྲན་ཚེགས་ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་གནས་ཚུལ་གཏན་འགོག་བྱས་ཏེ་རིམས་ནད་ཐོན་རིང་བསྡུར་ཚད་ངེས་ཅན་གྱི་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་མཁན་གྱི་མ་མཐའི་འཚོ་བ་འགན་ལེན་བྱས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཞབས་འདེགས་ཞུས་ཤིང་། “དམིགས་བསལ་དོན་དག་དམིགས་བསལ་སྒྲུབ་པ་དང་། འཕྲལ་མཁོའི་དོན་དག་འཕྲལ་མཁོ་སྒྲུབ་པའི”རྩ་དོན་མཐའ་འཁྱོངས་བྱས་ནས་རིམས་འགོག་གློག་སྤྱོད་ཐབས་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། མྱུར་བཟོའི་མི་སྣ་དང་གློག་ཤུགས་འགན་སྲུང་སྒྲིག་ཆས་སྤྱོད་ཤུགས་ཆེ་རུ་བཏང་ནས་ཛ་དྲག་གནས་ཚུལ་འཕྲད་སྐབས་དུས་ཐོག་ཏུ་བརྡ་ལན་དང། མྱུར་བཟོ། ཐག་གཅོད་བཅས་ཐུབ་པའི་འགན་ལེན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།