ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དུས་རབས་གསར་པར་བོད་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའིི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་རིག་གནས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་བཅུ་པོ་དེ་ནི་བོད་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་ཤོས་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་ཤོས། མི་རིགས་ཁག་གི་མང་ཚོགས་རིག་གནས་བྱ་གཞག་ནང་ཞུགས་མཁན་མང་ཤོས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་དོད་ཤོས་བཅས་ཀྱི་ལོ་བཅུ་ཡིན་པས། མི་སེམས་བདེ་ལ་འཁོད་པ་དང་། སེམས་པ་གཅིག་ཏུ་བསྒྲིལ་བ། སེམས་ཤུགས་རབ་ཏུ་འཕེལ་བ་བཅས་ཐད་ཀྱི་རིག་གནས་ཀྱི་གཙོ་ཤུགས་དམག་གི་ནུས་པ་གང་ལེགས་མངོན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། ད་ཆ་ལྗོངས་ཡོངས་སུ་དཔེ་མཛོད་ཁང་82དང་། མང་ཚོགས་སྒྱུ་རྩལ་ཁང(རིག་གནས་བྱེད་སྒོའི་ལྟེ་གནས)82 ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་697 རིག་གནས་ཐང་ཆེན་1600ལྷག་ཙམ་ཡོད་པ། རྫོང(ཆུས)74ལ་གར་སྟེགས་རླངས་འཁོར་དང་དཔེ་དེབ་རླངས་འཁོར་བཀོད་སྒྲིག་བྱས་པ། རིམ་ལྔའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་གཞི་རྩའི་ཆ་ནས་གྲུབ་ཡོད། རིག་ནུས་དཔེ་དེབ་ཁང་དང་སྤྱི་པའི་རིག་གནས་དྲ་བ་འཛུགས་སྐྱོང་ལག་བསྟར་བྱས་ཏེ་རྫོང་རིམ་པའི་དཔེ་དེབ་ཁང(རིག་གནས་ཁང)གི་སྤྱི་ཁྱབ་ཁང་དང་ཡན་ལག་ཁང་གི་ལམ་ལུགས་འཛུགས་སྐྱོང་གི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བ། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཕ་ཡུལ་14འཛུགས་གཏོད་བྱས་པ་དང་རང་སྐྱོང་ལྗོངས་རིམ་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཕ་ཡུལ་89བཏོད་པ། རིམ་ཁག་སྤྱི་པའི་རིག་གནས་ཁང(ས་ཚིགས)གིས་ལོ་རེར་རིན་མི་དགོས་པར་སྒོ་མོ་འབྱེད་པའི་མ་དངུལ་སྒོར་ཁྲི་5000དོན་འཁྱོལ་བྱས་པ་དང་། རིན་མི་དགོས་པར་ཆུ་ཚོད་ཁྲི་2ལྷག་ཙམ་སྒོ་མོ་ཕྱེ་བ། བྱེད་སྒོ་ཐེངས་ཁྲི་2ལྷག་ཙམ་སྤེལ་ཡོད་པ་རེད།

ལོ་བཅུའི་རིང་བོད་ལྗོངས་ཀྱིས་གསར་རྩོམ་ལྟེ་བར་འཛིན་པ་དང་འཁྲབ་སྟོན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྩེར་སོན་གྱི་རིག་རྩལ་གསར་རྩོམ་འཁྲབ་སྟོན་དང་བརྒྱུད་བསྒྲགས་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྤྱི་འདོམས་ཐོག་སྐུལ་འདེད་བཏང་སྟེ་རིག་རྩལ་གྱི་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད། སེམས་ཤུགས་གཅིག་སྒྲིལ་དང་ལྕག་སྐུལ་བྱས་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱིས《རྫོང(ཆུས)སྒྱུ་རྩལ་ཚོགས་པ་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང《སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ནས། བོད་ལྗོངས་ཀྱི་གཞི་རིམ་རིག་རྩལ་དཔུང་ཁག་འཛུགས་སྐྱོང་ལ་ལམ་ལུགས་རང་བཞིན་གྱི་འགག་སྒྲོལ་དང་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་སྤོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་། རྫོང(ཆུས)རིམ་པའི་སྒྱུ་རྩལ་ཚོགས་པ་76གི་གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། སྲིད་འཛིན་གྲོང་ཚོ(སྡེ་ཁུལ)5492ལ་རིག་རྩལ་འཁྲབ་སྟོན་རུ་ཁག་ཁྱོན་ཡོངས་ལ་ཁྱབ་པ། རིག་རྩལ་དཔུང་ཆེན་ཁྲི་10ཡིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཉེ་འགྲམ་དུ་འཁྲབ་སྟོན་བྱས་པ་བཅས་རེད།

དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་སོང་ཞིང་། རང་སྐྱོང་ལྗོངས་ཀྱི“ཐོན་ལས་ཆེན་པོ་བདུན”གྱི་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་གཞིགས་ཏེ་ཁྱད་ལྡན་རིག་གནས་ཐོན་ལས་འདི་ཉིད་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ལ་བརྩིས་ནས་དམ་འཛིན་བྱས་པ་དང་རིག་གནས་ཐོན་ལས་ཀྱིས་བོད་ཀྱི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས། རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་2012ལོའི་སྒོར་དུང་ཕྱུར་12.78ནས་2021ལོའི་སྒོར་དུང་ཕྱུར་68.87བར་འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་15%ཡན་ཟིན་ཡོད་པ་རེད།

གཞན་ཡང་། རིག་གནས་སྤེལ་རེས་ལས་དོན་ཁྲོད་བོད་ལྗོངས་ཀྱིས་ཕྱི་ཕྱོགས་ལ་གཟུགས་བརྙན་མངོན་པ་དང་ནང་ཁུལ་དུ་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཟམ་མི་ཆད་པར་ཡག་པོ་བརྗོད་པ་དང་ཀྲུང་གོའི་བོད་ཀྱི་གསུང་སྒྲ་ཟམ་མི་ཆད་པར་ཁྱབ་སྤེལ་ཡག་པོ་བཏང་ཡོད། ལྗོངས་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཅན་གོམ་སྟབས་བརྟན་པོའི་སྒོ་ནས་འཕེལ་རྒྱས་བྱུང་སྟེ“རིག་གནས་བོད་ལྗོངས”ཀྱིས་སྤྱིའི་སྤུས་རྟགས་སུ་བྱས་ཏེ་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱི་རྩིས་ཁྲ་10ལྷག་ཙམ་བཏོད་པ་དང་མི་དམངས་ཉིན་རེའི་ཚགས་པར་དང་ཤིན་ཧྭ་གསར་འགྱུར་ཁང་སོགས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་དང་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གཙོ་བོ་དང་ཕན་ཚུན་སྦྲེལ་མཐུད་ལམ་སྲོལ་བཙུགས་ཏེ། “‘ང་དང་བོད་ཀྱི་ལོ་བཅུ་པོ་འདི’ཞེས་པའི་རིག་གནས་ཆེད་སྒྲིག་ལེ་ཚན”དང“བློ་སེམས་གཅིག་མཐུན་གྱིས‘རིམས་འགོག’བྱེད་ཅེས་པའི་དྲ་ཐོག་པར་རིས་འགྲེམས་སྟོན”སོགས་ཀྱི་བརྗོད་གཞི་གལ་ཆེན་ཇུས་འགོད་བྱས་པ་དང་། ཆེད་དོན་རྩོམ་ཡིག་དང་རིག་རྩལ་དཔྱད་གླེང་100ལྷག་ཙམ་རྩོམ་འབྲི་བྱས་པ། རིགས་ཁག་གི་ཐད་གཏོང་བྱེད་སྒོ་ཐེངས་300ལྷག་ཙམ་སྤེལ་བ། རིག་གནས་ཀྱི་བརྙན་ཕབ་དང་སྒྲ་ཕབ་ཀྱི་ནང་དོན་ཁྲི་ལྷག་ཙམ་མཁོ་སྤྲོད་བྱས་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།