ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལོ་བཅུའི་རིང་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས7ཉིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་བྱ་གཞག་འཕེལ་རྒྱས་ཐད་གྲུབ་འབྲས་བླངས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་ས་ནས་འཚོགས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བོད་ལྗོངས་ཡུལ་སྐོར་གྱིས“ཁྱད་ལྡན། རིམ་མཐོ། རྩེ་གྲས”ཀྱི་འཕེལ་རྒྱས་ལམ་བུ་གཏན་འཁེལ་བྱས་ནས། “འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གཙོ་བོ”འཛུགས་སྐྲུན་དམིགས་ཚད་དུ་བཟུང་ནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བྱས་པས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཏང་ཙུའུ་ཁོངས་མིའམ་ཐིང་ཀྲང་གཞོན་པ་དོན་འགྲུབ་ཀྱིས་ངོ་སྤྲོད་ལྟར་ན། 2012ལོ་ནས2021བར། བོད་རང་སྐྱོང་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས25836.81སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར3345.44མངོན་འགྱུར་བྱུང་། 2021ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་སུ་བསྡོམས་པས་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ1(ཀླུ་ནང)དང་། རྒྱལ་ཁབ་ཀྱིAརིམ་པའི་མཛེས་ལྗོངས་ཁུལ150(རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ5)། སྐར་མ་རིམ་པའི་མགྲོན་ཁང178 ། ཡུལ་སྐོར་ལས་དོན་ཁང299 ། ཆེད་མཁས་ཡུལ་སྐོར་སྣེ་ཁྲིད་པ2634བཅས་ཡོད།

2012ནས2022ལོ་བར། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བསྡོམས་པས་ཡུལ་སྐོར་གཞི་རྩའི་སྒྲིག་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར5.8791བཏང་བ་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མ་དངུལ་བཏང་བའི་རྣམ་གྲངས328བརྩོན་ལེན་བྱས་པའི་ནང་ཀྲུང་དབྱང་གིས་སྔོན་རྩིས་དང་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར25.4336ཟིན་ཡོད། གཞན་ཡང་རིགས་སོ་སོའི་ཡུལ་སྐོར་གཞི་རྩའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྤྱི་པའི་ཞབས་ཞུའི་མཁྲེགས་ཤུགས་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་ཕྱིན་ཡོད།

“‘ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་། ཡུལ་སྐོར་དཔལ་འབྱོར་དེ་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྤྱིའི་ཡོང་འབབ་ནང་གི33.3%ཟིན་ནས་སྣེ་ཁྲིད་ཐོན་ལས་སུ་གྱུར་ཡོད”ཅེས་དོན་འགྲུབ་ཀྱིས་ངོ་སྤྲོད་བྱས། ཉེ་བའི་ལོ་འགའི་རིང་། ཡུལ་སྐོར་ལས་རིགས་ཀྱིས་འབྲེལ་ཡོད་ཐོན་ལས་ཀྱི་སྣེ་ཁྲིད་དེ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་རྒྱུན་འཁྱོངས་བྱས། སྤྲོ་གསེང་དང་ལྟ་སྐོར། ཁམས་གསོ་བཅས་མཉམ་དུ་འདུས་པའི་གྲོང་གསེབ་ཡུལ་སྐོར་གྱིས་མུ་མཐུད་དུ་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་སྤེལ་དང་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱེད་བཞིན་ཡོད། གཞན་ཡང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་གཙོ་གནད་གྲོང་གསེབ35དང་རྒྱལ་ཡོངས་ཀྱི་ཡུལ་སྐོར་གཙོ་གནད་གྲོང་རྡལ3བཏོད་པ་རེད། སྣེའུ་ཤང་ཁུལ་གསར་སྟར་སྟོང་གྲོང་ཚོ་དང་། བྲག་ཡུབ་ཆུས་བཀྲ་ཤིས་སྒང་གྲོང་ཚོ། སྨན་གླིང་རྫོང་ཟུར་གསུམ་གྲོང་ཚོ། རྩྭ་མདའ་རྫོང་བཀྲ་བྲག་རིང་གྲོང་ཚོ་སོགས་མིང་གྲགས་ལྡན་པའི་གྲོང་གསེབ་ཡུལ་སྐོར་ས་ཚིགས་སུ་གྱུར་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། ཡུལ་སྐོར་ལས་རིགས་ཀྱིས་ཐད་ཀར་དང་བར་བརྒྱུད་ཀྱིས་བྱང་བུ་བཙུགས་ཡོད་པའི་དབུལ་ཕོངས་མི་འབོར7.5ལ་རོགས་རམ་བྱས་ནས་དབུལ་ཐར་བྱུང་བ་རེད། 2021ལོའི་ལོ་མཇུག་བར་དུ་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི1274.11སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར15.87ཟིན་ཞིང་། རོང་འབྲོག་མང་ཚོགས་ཁྲི6.45ལ་སྣེ་ཁྲིད་བྱས་ནས་ལས་ཞུགས་ཐུབ་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར4500ལྷག་ཟིན་ཡོད།

2018ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ཕྱོགས་ཡོངས་ནས“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱས་ནས། སའི་གོ་ལའི་སྣེ་གསུམ་པ་ལོངས་སུ་སྤྱོད”ཅེས་པའི་བྱ་འགུལ་སྤེལ་མགོ་ཚུགས་ནས། མཛེས་ལྗོངས་ཁུལ་དུ་སྒོ་འཛིན་ལ་རིན་མི་དགོས་པ་དང་རྒྱུ་ཆ་མང་པོས་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། ཡུལ་སྐོར་དུས་དང་རྣམ་པ་ཀུན་དང་ཁོངས་ཡོངས་སུ་འཕེལ་རྒྱས་ཡག་པོ་བྱུང་། 

འདས་ཟིན་པའི་ལོ་བཅུའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་ལ་གཏིང་ཟབ་པའི་སྒོ་ནས་མཉམ་འདྲེས་བྱུང་བས།  “ཡུལ་སྐོར+”“རིག་གནས+”“དྲ་རྒྱ+”བཅས་མཉམ་འདྲེས་ཀྱིས“མང་ཚོགས་ཀྱིས་ལས་གཏོད་དང་དམངས་ཡོངས་ཀྱིས་གསར་གཏོད”བྱེད་པར་ཡངས་ཤིང་རྒྱ་ཆེ་བའི་སྟེགས་བུ་ཞིག་སྐྲུན་ཡོད་པ་མ་ཟད།《རྒྱ་བཟའ་ཀོང་ཇོ》སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་འགའ་བྱུང་ཡོད། བོད་ལྗོངས་དངོས་མང་སྟོན་ཚོགས་དང་གྲོང་ཁྱེར་དང་ས་ཁུལ་སོ་སོའི་ཡུལ་སྐོར་རིག་གནས་དུས་ཆེན་སྤེལ་བ་རེད། གཙོ་གནད་གསར་བརྗེ་རྗེས་ཤུལ་སྐོར་ཞིག་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ་མ་ཟད། གསར་བརྗེ་ལོ་རྒྱུས་དྲན་གསོ་ཁང་དང་། ཏང་གི་ལོ་རྒྱུས་དྲན་གསོ་ཁང་། དམག་གི་ལོ་རྒྱུས་དྲན་གསོ་ཁང་། དངོས་མང་བཤམས་སྟོན་ཁང་། འགྲེམས་སྟོན་ཁང་སོགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྐོར་ཞིག་གསར་སྐྲུན་བྱས་པས། བོད་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་མེས་རྒྱལ་གྱི་ཁྱིམ་གཞིས་ཆེན་པོ་ནང་དུ་བཏོན་པའི་འཕེལ་རྒྱས་འགྱུར་ལྡོག་གི་གྲུབ་འབྲས་འོད་སྟོང་ལྡན་པ་ཞིག་བླངས་པ་རེད།

འདས་ཟིན་པའི་ལོ་བཅུའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ཀྱིས་མཐའ་དར་མཐའ་བརྟན་ཕྱོགས་ནས་ནུས་བ་གལ་ཆེན་བཏོན་ཡོད་ལ། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་། གྲུ་ཁ་འཛུགས་སྐྲུན། མཐའ་མཚམས་ས་ཁུལ་གྱི་མཛེས་ལྗོངས་ཁུལ་གཏོད་པ་སོགས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཙུགས་པ་རེད། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལེགས་པོ་རོང་མཛེས་ལྗོངས་ཁུལ་མིང་གྲགས་སུ་གྱུར་ཞིང་། སྐྱིད་གྲོང་། གྲོ་མོ་སོགས་མཐའ་མཚམས་གྲུ་ཁའི་ཡུལ་སྐོར་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

ལོ་བཅུའི་རིང་། ཡུལ་སྐོར་ལས་རིགས་ནི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་ཤིག་ཡིན་པའི་ཆ་ནས། མི་རིགས་སོ་སོའི་མང་ཚོགས་ཀྱིས་ལག་གདང་སྦྲེལ་ཞིང་། ཕན་ཚུན་རོགས་རེས། འཆམ་མཐུན་མཉམ་གནས། སེམས་ཤུགས་གཅིག་སྒྲིལ། འཆམ་མཐུན་འཕེལ་རྒྱས་སོགས་ལ་སྐུལ་འདེད་བཏང་ཡོད། མང་ཚོགས་ཀྱིས་ཡུལ་སྐོར་བ་སྣེ་ལེན་ཞུ་རིང་མཐོང་རྒྱ་ཇེ་ཆེར་ཕྱིན་པ་མ་ཟད། བསམ་བློ་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ནས་རྒྱ་རིགས་དང་ཧུའུ་རིགས། བོད་རིགས་སོགས་ཀྱི་མི་རིགས་མང་པོས་ཡུལ་སྐོར་འཕེལ་རྒྱས་ཁྲོད་མཛའ་བརྩེ་ཟབ་མོ་ཆགས་ཤིང་། ཁོང་ཚོས་རོགས་རེས་མཉམ་ལས་དང་འཕེལ་རྒྱས་ལེགས་པའི་སྒོ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་དུ་སྐྲུན་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།