ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན། གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བོད་ལྗོངས་སློབ་གསོ་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ངོ་བཅུའི་རིང་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས“སུས་ཆེད་དུ་མི་སྐྱེད་སྲིང་བྱེད་པ་དང་། མི་སུ་ཞིག་སྐྱེད་སྲིང་བྱེད་པ། མི་ཇི་ལྟར་སྐྱེད་སྲིང་བྱེད་པའི”གཞི་རྩའི་གནད་དོན་ལ་དམ་པོར་དམིགས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་དང་སྤུས་ཚད་ཇེ་མཐོ། འདྲ་མཉམ་ལ་སྐུལ་སྤེལ་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་སློབ་གསོ་དེང་རབས་ཅན་དང་སློབ་གསོའི་སྟོབས་ལྡན་ཁུལ་འཛུགས་སྐྲུན། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པར་མགྱོགས་མྱུར་སྐུལ་འདེད་བཏང་བས། སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། བོད་ལྗོངས་སློབ་གསོ་རྒྱལ་ཡོངས་དང་དུས་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་སླེབས་ཡོད།

ཤེས་གསལ་ལྟར་ན། མིག་སྔར་ལྗོངས་ཡོངས་སུ་བསྡོམས་པས་རིམ་པ་སོ་སོ་དང་རིགས་ཁག་གི་སློབ་གྲྭ3339ཡོད་པ་དང་། ལྗོངས་ཕྱི་ནང་དུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་བསྡོམས་པས་ཁྲི92.2ཡོད་ལ་དེའི་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་བཞི་ཆའི་གཅིག་ཟིན་ཡོད། སློབ་སྔོན་སློབ་གསོའི་བུ་བཅོལ་ཁང་དུ་ཞུགས་ཚད་དང་ལོ་དགུའི་འོས་འགན་སློོབ་གསོ་སྲ་བརྟན་བྱེད་ཚད། མཐོ་འབྲིང་རིམ་དུས་མཚམས་ཀྱི་སློབ་གསོའི་ནང་ཞུགས་ཚད། མཐོ་རིམ་སློབ་གསོའི་ནང་ཞུགས་ཚད་སོ་སོར87.71%དང96.94%། 90.25%། 56.31%ལ་སླེབས་ཡོད་ལ། ལོ་ངོ་བཅུའི་གོང་ལས་སོ་སོར་བརྒྱ་ཆའི་ཚེག42.51དང་། 16.89། 20.05། 28.91ཇེ་མཐོར་ཕྱིན་ཡོད། ངལ་རྩོལ་ན་ཚོད་མི་འབོར་ཆ་སྙོམས་སློབ་གསོ་མྱོང་བའི་ལོ་ཚད10.2ལ་སླེབས་ཡོད། ལྷག་པར་དུ་བོད་ལྗོངས་ཀྱི་སློབ་སྔོན་སློབ་གསོ་ཡིས་གྲོང་ཁྱེར་ས་ཁུལ་དང་རྫོང་ཆུས། ཤང་དང་གྲོང་རྡལ། གྲོང་ཚོ(སྡེ་ཁུལ)རིམ་པ་བཞིིའི་བུ་བཅོལ་ཁང་གི་བཀོད་པའི་མ་ལག་བཙུགས་ནས་བུ་བཅོལ་ཁང་ནང་ཞུགས་པའི་ཚད་བརྒྱ་ཆའི་གྲངས42.51ཇེ་མཐོར་ཕྱིན་ཡོད་ལ་བུ་བཅོལ་ཁང་གི་གྲངངས་འབོར་ལྡབ4.87ཇེ་མཐོར་སོང་ཡོད། དེ་དང་ཆབས་ཅིག བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ཕན་འབྲས་སྔར་བས་མངོན་གསལ་ཡིན་ལ། ད་ཡོད་ཀྱི་ཞིང་ཆེན་དང་གྲོང་ཁྱེར22ཀྱི་སློབ་གྲྭ111རུ་བོད་ལྗོངས་འཛིན་གྲྭ་བསྡུས་པ་དང་། བོད་ལྗོངས་འཛིན་གྲྭ་གཉེར་ནས་ལོ་ངོ37འགོར་བའི་རིང་བསྡོམས་པས་ལས་རིགས་ཁག་དང་འཐབ་ཕྱོགས་ལམ་ཐིག་ཁག་ཏུ་ཆེད་མཁས་ཤེས་ལྡན་མི་སྣ་ཁྲི5ལྷག་གསོ་སྐྱོང་བྱས་ཡོད། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཞིང་ཆེན་དང་གྲོང་ཁྱེར17དང་པུའུ་རིམ་པའི་མཐོ་སློབ་ཁོངས་གཏོགས་སློབ་གྲྭ་ཆུང་འབྲིང་གིས་བོད་ལྗོངས་ཀྱི་སློབ་གྲྭ21ལ་ཁ་གཏད་བོད་སྐྱོར་བྱས་པས། རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་སློབ་གསོའི་སློབ་ཁྲིད་སྤུས་ཚད་དང་དོ་དམ་ཆུ་ཚོད་སྔར་བས་མཐོར་འདེགས་སུ་ཕྱིན་པ།

གཞན་ཡང་། བོད་ལྗོངས་སུ“རྒྱལ་ཁབ་གཙོ་བོར་འཛིན་པ་དང་། ཞིང་ཆེན་རིམ་པའི་སྤྱི་འདོམས”ཀྱི་སློབ་གསོའི་གྲོན་དངུལ་བཏང་ནས་འགན་སྲུང་ལམ་སྲོལ་བཙུགས་པ་དང་། ལོ15ཡི་གཞུང་གྲོན་སློབ་གསོའི་མ་ལག་དང་སློབ་སྔོན་ནས་མཐོ་རིམ་སློབ་གསོའི་སློབ་མའི་རོགས་རམ་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་བ། སློབ་གསོ་དེང་རབས་ཅན་གྱི་སྐུལ་འདེད་ལས་གཞིར་ལག་བསྟར་ཤུགས་ཆེན་བྱས་ནས། ཉམས་ཞན་གྱི་ལྷུ་ཚིགས་ལེགས་བཅོས་དང་ནུས་པ་མཐོར་འདེགས་ལས་གཞི་སོགས་གཙོ་གནད་ཆེད་དོན་སྒྲུབ་པ། སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱས་པ། ལྗོངས་ཡོངས་སུ་རྫོང་དང་ཆུས74ཚང་མར་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་འཕེལ་རྒྱས་དཔྱད་དཔོག་ངོས་གཏན་བྱས་པ་བརྒྱུད། མཐོ་རིམ་དུས་མཚམས་སློབ་གསོ་ཁྱབ་གདལ་དང་འགག་སྒྲོལ་དུས་ལྟར་ལེགས་འགྲུབ་ཟིན་པ། བོད་ལྗོངས་སློབ་ཆེན་འདི་ཉིད“རྩེ་གྲས་ཟུང”གི་འཛུགས་སྐྲུན་མཐོ་སློབ་དང་པུའུ་དང་ཆུས་མཉམ་ལས་འཛུགས་སྐྲུན་མཐོ་སློབ་དུ་གྱུར་ཡོད་ལ། བོད་ལྗོངས་མི་རིགས་སློབ་ཆེན་དང་བོད་ལྗོངས་གསོ་རིག་སློབ་ཆེན་སྔ་རྗེས་སུ་རམ་འབྱམས་པའི་བསླབ་གནས་བསྩལ་བའི་སྡེ་ཚན་དུ་གྱུར་ནས་མཐོ་སློབ་ཚན་ཞིབ་གསར་སྐྲུན་གྱི་ནུས་པ་མུ་མཐུད་མཐོར་འདེགས་སུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།