ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་རྣམ་གྲངས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར38.45བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020221009536058306790.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས8ཉིན་གྱི་སྔ་དྲོར། གསར་འགོད་པས་བོད་ལྗོངས་ཀྱིས་བསྡུས་པའི“བོད་ལྗོངས་ཀྱི་ལོ་ངོ་བཅུ་བོ་འདིའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་ཤེས་གསལ་ལྟར་ན། ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་རྣམ་གྲངས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར38.45བཏང་བ་དང་། རིག་དངོས་སྲུང་སྐྱོང་རྣམ་གྲངས་ཀྱི་གྲངས་འབོར386ལ་སླེབས་ཡོད། དེའི་ཁྲོད་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར32.49བཏང་ནས་རིག་དངོས་སྲུང་སྐྱོང་རྣམ་གྲངས268ལག་བསྟར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར5.96བཏང་ནས་རིག་དངོས་སྲུང་སྐྱོང་རྣམ་གྲངས118ལག་བསྟར་བྱས།

W020221009536058303092.jpg

བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་གཞོན་པ་ཀྲའོ་ཞིན་པང་གིས་ང་ཚོས་རིག་དངོས་སྲུང་སྐྱོང་འཆར་འགོད་སྒྲིག་བཟོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། 《བོད་རང་སྐྱོང་ལྗོངས་མཐའ་མཚམས་ས་ཁུལ་གྱི་རིག་དངོས་སྲུང་སྐྱོང་འཆར་འགོད》དང《བོད་རང་སྐྱོང་ལྗོངས་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད》སོགས་དཔར་འགྲེམ་བྱས་པ་དང་། ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ། གཙུག་ལག་ཁང་། བཀྲ་ཤིས་ལྷུན་པོ་དགོན་སོགས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྡེ་ཚན་སྐོར་ཞིག་གི་སྲུང་སྐྱོང་འཆར་འགོད་བཟོས་པ་མ་ཟད། ད་དུང་རྒྱལ་ཁབ་གནའ་རབས་ལྡེབས་རིས་སྲུང་སྐྱོང་ལས་གཞིའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་ལས་དོན་ས་ཚིགས་དང་རྒྱལ་ཁབ་རིག་དངོས་ཅུའུ་ཡི་གཙོ་གནད་ཚན་ཞིབ་རྟེན་གཞིའི་བོད་ལྗོངས་མཉམ་འབྲེལ་ལས་དོན་ས་ཚིགས་བཙུགས་ཡོད་ཅེས་བཤད།

W020221009536058306228.jpg

མིག་སྔར། བོད་ལྗོངས་སུ་བརྟག་དཔྱད་ཐོ་འགོད་བྱས་པའི་རིག་དངོས་ས་ཚིགས4468དང་རིམ་པ་སོ་སོའི་རིག་དངོས་སྲུང་སྐྱོང་སྡེ་ཚན2373ཡོད་ཅིང་། དེའི་ཁྲོད་རྒྱལ་ཁབ་རིམ་པའི70དང་རང་སྐྱོང་ལྗོངས་རིམ་པའི603། གྲོང་ཁྱེར་དང་རྫོང་རིམ་པའི1700། སྤོ་འགུལ་ཆོག་པའི་རིག་དངོས་ཁྲི51ལྷག་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།