ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྟོན་དུས་ཆེན་དགའ་གཏོང་བྱས་ནས་ཚོགས་ཆེན་ཉི་ཤུ་པར་དགའ་སྤྲོའི་ངང་བསུ་བ་ཞུས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་པ་ཤར་སོང་། རྒྱལ་སྟོན་དཔལ་ལ་རོལ་སོང་། ཏང་དང་མང་ཚོགས་སེམས་མཐུན་གྱིས། ཚོགས་འདུ་གཟབ་རྒྱས་དགའ་བས་བསུ། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་ཤང་བེའུ་མགོ་གྲོང་ཚོར་འཁྲུག་ཆ་ཧ་ཅང་དོད་ཅིང་། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་། གྲོང་ཚོ་ཡོངས་ཀྱི་ཏང་ཡོན། དང་བླངས་པ། ཞིང་འབྲོག་མང་ཚོགས་བཅས་དང་ལག་གདང་སྦྲེལ་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་རྒྱལ་སྟོན་དུས་ཆེན་དགའ་གཏོང་བྱས་ནས་ཚོགས་ཆེན་ཉི་ཤུ་པར་དགའ་སྤྲོའི་ངང་བསུ་བ་ཞུས་པ་རེད།

རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་བེའུ་མགོ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པ་དང་ཞིང་འབྲོག་མང་ཚོགས་ཀྱིས“ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བ”དང“ཏང་གི་གཟི་བྱིན་མཐའ་མཚམས་སུ་འཕྲོ་བ། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པ” “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་ནས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད”སོགས་ཀྱི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་རེད། “ལོ་དེ་དག་ནང་བེའུ་མགོ་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རང་བྱུང་གྲོང་ཚོ་3དུ་གཞུང་ལམ་བཟོས་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་553བསྐྲུན་པ། ཁྱིམ་ཚང་ཚང་མས་རྩྭ་ཐང་གི་ཁ་གསབ་དང་། ནགས་ཚལ། ཆུ་སྲུང་སོགས་ཞིང་དར་ཞིང་ཕན་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་ཡོད། དེ་དག་ཚང་མ་ཏང་དང་སྲིད་གཞུང་གིས་ང་ཚོར་གནང་བའི་མིག་མཐོང་ལག་ཟིན་གྱི་ཕན་པ་དངོས་ཡིན་པས། ང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་པ་བཅས་བྱེད་དགོས་ཤིང་། ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་རྒྱ་ཆེའི་དང་བླངས་པ་དང་ཞིང་འབྲོག་མང་ཚོགས་ཚོས་འཕྲེད་འགེལ་སྦྱར་ཡིག་འགེལ་ཞོར་དུ་ཚོར་སྣང་ཟབ་མོའི་སྒོ་ནས་བཤད།

ཟླ་10ཚེས་1ཉིན་བེའུ་མགོ་གྲོང་ཚོས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”བྱེད་སྒོ་སྤེལ་ཞིང་། དེ་གར་ཡོད་པའི་ཞིང་འབྲོག་མང་ཚོགས་དང་ཏང་ཡོན་དང་ལས་བྱེད་པ་ཚང་མས་གུས་སྟབས་ཀྱིས་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ནས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་ཟབ་མོ་དང་སྨོན་འདུན་བཟང་པོ་མཚོན་པར་བྱས་ཡོད།

རྒྱལ་སྟོན་རིང་། བསམ་བློའི་ངོས་འཛིན་གཅིག་མཐུན་སྔར་བས་ཟབ་ཏུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་ཆེད་བེའུ་མགོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པར“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་དང་། “རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཡིས་འབད” “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”སོགས་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སོགས་སྤེལ་བ་མ་ཟད། གཅིག་སྡུད་སྒྲོག་འགྲེལ་དང་སྐད་འཕྲིན་ཚོགས་པར་དྲིལ་བསྒྲགས་དཔྱད་ཡིག་བསྐུར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རིམ་རྩིས་བྱས་ན་རིགས་ཁག་གི་དྲིལ་བསྒྲགས་སློབ་གསོ་ཐེངས་30ལྷག་ཙམ་སྤེལ་བ་རེད།

གཞན་ཡང་། བེའུ་མགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིས“ལོ་རྒྱུས་བཞི”དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ལ་དམིགས་ཏེ་རང་ཉིད་ཀྱི་སློབ་སྦྱོང་བསམ་གཞིག་དང་མཐོང་ཐོས་མྱོང་གསུམ་དང་ཟུང་འབྲེལ་གྱིས་ཏང་གི་ལོ་རྒྱུས་ཤོད་པའི་ཐབས་ལ་བརྟེན་ནས་ཏང་ཡོན་ཚོར་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་འཁྲིད་ཡོད། བེའུ་མགོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་རྫོང་གྲོང་གསེབ་དར་རྒྱས་ཅུས་སོགས་ཚན་པར་རེ་ཞུ་ཕུལ་ཏེ་འབྲས་དང་གྲོ་ཞིབ་སོགས་དངོས་ཟོག་རག་ཐབས་བྱས་ནས་མང་ཚོགས་དབུལ་པོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་དུ་བཅུག་ཡོད། བེའུ་མགོ་གྲོང་ཚོའི་ཞིང་འབྲོག་པ་ཚོས་ད་དུང་གྲོང་སྡོད་ལས་བྱེད་པ་དང་མཉམ་དུ་སྐྱིད་པའི་སྒོར་གཞས་འཁྲབ་པ་དང་སྙན་པའི་གསར་བརྗེའི་གླུ་དབྱངས་བླངས་ཏེ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་བསམ་པ་མཚོན་པར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།