ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྟོན་བསྡུ་ལས་དོན་གྱི80%ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

LOCAL1663985940563VC95MEM0YG.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་ཀ་རྩེ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཡིན་ལ། “བོད་ལྗོངས་འབྲུ་མཛོད”ཀྱི་མཚན་སྙན་ལྡན་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་རིམས་ནད་འགོག་སྡོམ་དང་སྟོན་བསྡུའི་ཐོན་སྐྱེད་གཉིས་ཀ་དམ་འཛིན་དང་འཐུས་ཤོར་མི་ཡོང་བ་རྒྱུན་འཁྱོངས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱས་ནས་ལོ་མགོར་གཏན་འཁེལ་བྱས་པའི་འབྲུ་རིགས་ཐོན་སྐྱེད་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་མངོན་འགྱུར་བྱ་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དུས་ཐོག་ཏུ་ལས་དོན་ཆེད་གཉེར་ཚན་ཆུང་སྒྲིག་འཛུགས་བྱས་ནས། རིམས་ནད་འགོག་སྡོམ་དང་སྟོན་བསྡུའི་ཞིང་ཕྱུགས་ལས་ཐོན་སྐྱེད་ལས་དོན་གྱི་བྱེད་ཐབས་ཞིབ་འཇུག་སྤྱི་འདོམས་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་རིང་གི་སྟོན་བསྡུ་བའི་ཐོན་སྐྱེད་ལས་དོན་གྱི་ཇུས་གཞི་བཟོས་པ། ཁོངས་གཏོགས་རྩ་དོན་རྒྱུན་འཁྱོངས་དང་འགན་འཁྲི་ནན་དུ་གཏོང་བ་དང་། རིགས་དབྱེ་ནས་དོ་དམ་བྱ་ཐབས་བཏོན་པ། རིམས་འགོག་བདེ་འཇགས་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག  མང་ཚོགས་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ནས་སྟོན་བསྡུའི་ལས་དོན་སྤེལ་བ་རེད། གྲོང་གསེབ་ས་ཁུལ་དུ་གྲོང་ཚོ་སྡེ་ཚན་དུ་བྱས་ཏེ། ཁྱིམ་ནས་ཞིང་ཁ་བར་གྱི“ས་ཚིགས་གཉིས་དང་ལམ་ཐིག་གཅིག”གི་སྒོ་རྒྱག་དོ་དམ་དོན་འཁྱོལ་ནན་མོ་བྱས་པ་དང་། ཤང་དང་གྲོང་རྡལ་ཁག་གིས་མཉམ་ལས་ཁང་དང་ཞིང་ལས་འཕྲུལ་ཆས་ཁྱིམ་དུད་སྤྱི་འདོམས་བཀོད་གཏོང་བྱས་ནས། ཆེད་ལས་ཅན་གྱི་ཚབ་སྡུད་ལས་དོན་རུ་ཁག་སྒྲིག་འཛུགས་བྱས་ནས་ས་ཚིགས་ནས་ས་ཚིགས་བར་གྱི་རོགས་སྐྱོར་བྱས་པས། མི་སྣ་འཁོར་རྒྱུག་དང་སྣོལ་བའི་འདུ་འཛོམས་གང་ཐུབ་ཀྱིས་ཇེ་ཉུང་དུ་བཏང་།

མིག་སྔར། གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་སུ་ལོ་ཏོག་སྐྱེ་དངོས་མུའུ་ཁྲི111.54བརྔ་བསྡུ་བྱས་པ་དང་སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི79.86%བཟུང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྟོན་བསྡུའི་ལས་དོན་གྱི་རྩ་འཛུགས་མགོ་ཁྲིད་ལ་མུ་མཐུད་ཤུགས་བསྣན་ཏེ། ཕྱོགས་གཅིག་ནས་རིམས་ནད་འགོག་སྡོམ་ལས་དོན་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་སྟོན་བསྡུའི་ཐོན་སྐྱེད་འཐུས་ཤོར་མི་ཡོང་བར་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་སྟོན་བསྡུའི་འཕེལ་རིམ་དང་ས་ཁོངས་དབྱེ་བ། སྐྱེ་དངོས་ལོ་ཏོག་གི་རིགས་དབྱེ་བ་བཅས་བྱས་ནས། ལས་སྒྲུབ་དོན་འཁྱོལ་དང་ཞིང་ལས་འཕྲུལ་ཆས་ཀྱི་བསྡུ་ལེན་སོགས་གནད་འགག་བྱེད་ཐབས་བཀོད་སྒྲིག་བྱས་ཏེ་ཡུག་གཅིག་སྨིན་ན་ཡུག་གཅིག་བརྔ་བསྡུའི་ལས་དོན་ལ་འགན་ལེན་བྱས་པ་དང་། རིམས་ནད་འགོག་སྡོམ་ལས་དོན་དོན་འཁྱོལ་ནན་མོ་བྱེད་པའི་རྨང་གཞིའི་ཐོག འབྲུ་རྡོག་གཅིག་ཀྱང་མི་ལུས་པར་མཛོད་འཇུག་ཐུབ་པར་འགན་ལེན་ཏན་ཏིག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།