ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བོད་ལྗོངས་ཀྱིས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྒོ་འབྱེད་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། གཉིས་རྒྱལ་གཉིས་ཕན་གྱི་མཉམ་ལས་འདུ་ཤེས་མཐའ་འཁྱོངས་ནན་པོ་བྱེད་པ། ཕྱི་ཕྱོགས་སྒོ་དབྱེའི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ། ཕྱི་ཕྱོགས་སྒོ་དབྱེའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་གྲུབ་འབྲས་ཀྱིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་བསྣན་ཡོད།

འགན་ནུས་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས“གློད་སྡོམ་ཞབས”གསུམ་གྱི་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ།

མི་རིགས་སོ་སོའི་མི་དམངས་སྔར་བས་བདེ་སྐྱིད་ལྡན་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཞིག་སྐྱེལ་ཐུབ་རྒྱུ་ནི་ཏང་ཀྲུང་དབྱང་གི་ཐུགས་རེ་ཟབ་མོ་ཡིན་ལ། བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་དང་། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་བཅོས་སྒྱུར་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་བཏང་བ། “གློད་སྡོམ་ཞབས”གསུམ་བཅོས་སྒྱུར་དང་ཚོང་དོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བ། “སྲིད་དོན་ཞབས་ཞུ་ཀུན་སྒྲུབ”དང“མང་ཤོས་སུ་ཐེངས་གཅིག་བསྐྱོད་པ”སོགས་ཀྱི་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་བཏང་བ། རྙོག་འཛིང་ཆེ་ལ་ཛ་དྲག་པའི་ཁོར་ཡུག་ཁྲོད་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། བསྡོམས་རྩིས་བྱས་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱི་ཁྲོམ་རའི་བདག་གཉེར་བ་ཁྲི36.5ཟིན་པ་དང་ཁྲལ་འཕྲི་ཡོན་གཅོག་སྒོར་དུང་ཕྱུར1051ལ་སླེབས་ཤིང་། སྲིད་ཇུས་ཀྱིས་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། ཁྲལ་འབབ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཁྲོམ་རའི་བདག་གཉེར་པོའི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

དེ་དང་ཆབས་ཅིག བོད་ལྗོངས་ཀྱི“དྲ་སྦྲེལ+སྲིད་དོན་ཞབས་ཞུ”དེ“ཡུལ་དངོས་སུ་གཉེར་བ”ནས“དྲ་ཐོག་ནས་གཉེར་བ”དང“ཁག་བགོས་ནས་གཉེར་བ”ནས“མཉམ་དུ་གཉེར་བའི”བར་འགྱུར་ལྡོག་བྱུང་སྟེ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཁེ་ལས་དང་མང་ཚོགས་ལ་བྱ་བ་སྒྲུབ་རྒྱུར་སྟབས་བདེ་སྐྲུན་པ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འཕེལ་བར་བྱེད་པ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་པ་བཅས་ཀྱི་ཐད་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

མིག་སྔར་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་སྟབས་བདེ་རུ་ཕྱིན་པ་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། སྒོ་དབྱེ་ཁོང་ཡངས་ཀྱི་ཁྲོམ་རའི་ཁོར་ཡུག་དེ་གངས་ལྗོངས་མཐོ་སྒང་གི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།

འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་བཏང་ནས་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་གོ་སྐབས་དམ་འཛིན་གྱིས་གསར་གཏོད་འཕེལ་རྒྱས་ལ་དམ་འཛིན། ལེགས་ཆ་བཏོན་ནས་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་དང་དམ་པོར་བསྟུན་ནས་མགྱོགས་མྱུར་འཕེལ་རྒྱས། ཐོན་ལས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོར་འདེགས། འཕེལ་རྒྱས་ཀྱི་འགུལ་ནུས་སྔར་བས་འཕེལ་བ། སྣེ་ཁྲིད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་ལམ་བུའི་ཐོག་བསྐྱོད་པ་བཅས་བྱས་ཡོད།

——ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ལྷ་སའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ། བོད་ལྗོངས་དང་མཚོ་སྔོན་བཟོ་ལས་གླིང་སོགས་གླིང་ཁུལ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་བ། ལྷ་ས་མཐོ་གསར་ཁུལ་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“ཡར་རྒྱས་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི”གོ་སྐབས་ལ་བརྟེན་ནས། སྲོལ་རྒྱུན་ཐོན་ལས་ཀྱི་ཁྱད་ལྡན་སྒྱུར་བཀོད་དང་སྤུས་རྟགས་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་གསར་དར་ཐོན་ལས་མགྱོགས་མྱུར་བཀོད་སྒྲིག་བྱས་པས། ས་གཙང་བདེ་ཐང་དང་། རིག་གནས་ཡུལ་སྐོར། དེང་རབས་ཞབས་ཞུ། གཙོ་གནད་ཐོན་ལས་ཆེ་གྲས་བཞི་བཅས་འདེགས་སྐྱོར་དུ་བྱས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ནས་ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

——“གནས་སའི་དཔལ་འབྱོར”འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་པ། མངའ་རིས་ཀྱི“གནས་སའི་དཔལ་འབྱོར”གྱི་རྣམ་གྲངས་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་དོན་འཁྱོལ་བྱས་ནས། ལྷ་ས་དང་མངའ་རིས་ཀྱི་འབྲེལ་བ་ཕྱོགས་གཉིས་བར་གཉིས་རྒྱལ་གཉིས་ཕན་ཡོང་བར་སྐུལ་མ་བཏང་སྟེ། ལྗོངས་ཡོངས་ཀྱི་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་ཆེད་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གསོག་འཇོག་བྱས་ཡོད།

——ཚོང་འགུག་དངུལ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་བཏང་བ། བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་དངུལ་འདྲེན་གཟིགས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས་འགའ་ཞིག》པར་འགྲེམས་བྱས་ཏེ། ཚོང་འགུགས་དངུལ་འདྲེན་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་པ། ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་སུ་ཚོང་འགུགས་དངུལ་འདྲེན་གྱི་རྣམ་གྲངས739ལག་བསྟར་བྱས་པར་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར2709.56བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར224.78དམིགས་སར་འབྱོར་བ། ལྗོངས་ནང་ཁུལ་གྱི་མི6393ལས་ཞུགས་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར1.16མངོན་འགྱུར་བྱུང་བ།

སྒོ་དབྱེར་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་བ།ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་ནི་བོད་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕར་བའི་གཞི་རྩའི་ཉམས་མྱོང་ཡིན་པ་མ་ཟད། བོད་ལྗོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།

སྒོ་དབྱེ་རྒྱ་བསྐྱེད་ཧུར་ཐག་དུ་བཏང་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་བ། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་བརྟན་ལྷིང་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་སྲུང་སྐྱོང་། མཐའ་སྲུང་སྟོབས་ལྡན། མི་དམངས་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་བྱས་པས། ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད།

“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དེས་བོད་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་བསྐྲུན་ཡོད། བོད་ལྗོངས་ཀྱི་འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་ནས། ཨེ་ཤ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་གཏོད་པའི་ལས་དོན་ཁག་ལ་ཕན་འབྲས་ཐོན་པ་དང་འཕེལ་རྒྱས་བྱུང་ནས་རང་རྒྱལ་འདི་ཉིད་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི“ཕྱི་ནང་སྦྲེལ་མཐུད”ཀྱི་ཟམ་སྣེའི་མཁར་རྫོང་ཏུ་རིམ་བཞིན་འཚར་ལོངས་བྱུང་ཡོད།

མིག་སྔར། བོད་ལྗོངས་ཀྱིས་རང་རྟོགས་ངང་ས་ཁོངས་རང་བཞིན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་ཕྱོགས་ནང་སྦྲེལ་མཐུད་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ནང་བཅུག་པ་དང་། ལྷ་ས་མཁའ་འགྲུལ་གྱི་འགག་སྒོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། འདྲེན་ཐང་དང་རི་འོག་སོགས་འགག་སྒོར་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། ནེ་པ་ལ་སོགས་ཉེ་འཁོར་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ། ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་བཅས་བྱས་ཡོད།

རྗེས་མར། བོད་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཛམ་གླིང་དུ་སྐྱོད་པའི་རྒྱལ་སྒོ་ཕྱེ་ནས་འཛམ་གླིང་དང་སྦྲེལ་མཐུད་བྱེད་པའི་འབྲེལ་ཟམ་འཛུགས་པ། སྔར་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་གཏོང་བ། ཕྱི་ཕྱོགས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།