ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་འཕྲལ་བསྟུན་དངོས་ཟོག་ཏུན་ཁྲི3.6དབོར་འདྲེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས25ཉིན། བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་བསྡུས་ཤིང་། ཚོགས་འདུའིི་ཐོག་རིམས་ནད་བྱུང་བ་ནས་བཟུང་། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཉིན་རེར་འཕྲལ་བསྟུན་ཟོག་འདྲེན་རླངས་འཁོར462དང་ཁ་ལོ་བ་འདང་ངེས་གྲབས་གསོག་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་འཕྲལ་བསྟུན་བྱ་འགུལ་གྱི་བཀའ་བཀོད་དང་ལེན་བྱས་ནས་དངོས་ཟོག་དག་དབོར་འདྲེན་བྱས་པ་རེད། ཟླ9པའི་ཚེས24ཉིན་བར་བསྡོམས་པས་འཕྲལ་བསྟུན་ཟོག་འདྲེན་རླངས་འཁོར5836འཐེན་སྤྱོད་བྱས་པ་དང་འཕྲལ་བསྟུན་དངོས་ཟོག་ཏུན་ཁྲི3.6སྐྱེལ་འདྲེན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཨུའི་ཨུ་ཡོན་ནམ་ཐིང་ཀྲང་གཞོན་པ་ཀྲན་ཧྲུའེ་ཧྥུན་གྱིས་ཟླ9པའི་ཚེས24ཉིན་བར། ལྗོངས་ཡོངས་སུ་བསྡོམས་པས་བོད་ལྗོངས་ནས་འགྲོ་འོང་བྱེད་པའི་ཟོག་འགྲེམས་ཟོག་འདྲེན་རླངས་འཁོར་ཐེངས8683ཁ་འགྲེམས་བྱས་ཤིང་། སྐད་འཕྲིན་ཞབས་ཞུའི་ཚོགས་པ་བརྒྱུད་དེ་ཟོག་འདྲེན་ཁ་ལོ་བའི་སེམས་ཁྲལ་དང་རེ་བ་བྱེད་པའི་གནད་དོན133འགྲེལ་བཤད་བྱས་པ། རིམས་ནད་བྱུང་བ་ནས་བཟུང་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུ་ལྟ་སྐུལ་ཐད་སྦྲེལ་ཁ་པར“12328”བདག་སྤྲོད་བྱས་ནས། ས་ཁུལ་ཁག་གི་ཁ་ལོ་བའི་ཁ་པར1841ལྷག་ལ་ལན་བཏབ། བོད་ལྗོངས་ནས་འགྲོ་འོང་བྱེད་པའི་ཟོག་འགྲེམ་ཟོག་འདྲེན་གཞི་རྩའི་ཆ་ནས་བདེ་བགྲོད་ཐུབ་པ་དང་། རིམས་འགོག དམངས་འཚོ་སོགས་དངོས་ཟོག་མཁོ་འདོན་གཞི་རྩའི་ཆ་ནས་རྒྱུན་ལྡན་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

ཀྲན་ཧྲུའེ་ཧྥུན་གྱིས་ཟླ9པའི་ཚེས24ཉིན་བར་བོད་ལྗོངས་ཀྱིས་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་གློག་རྡུལ་ལམ་ཡིག41384འགྲེམ་གཏོང་བྱས་ནས། ལྗོངས་ཕྱིའི་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་བདེ་བླག་ངང་བོད་ལྗོངས་སུ་ཡོང་བ་དང་དུས་ཐོག་ཏུ་དངོས་ཟོག་བརྒྱུད་འདྲེན་བྱེད་པར་འགན་ལེན་བྱས་པ་ཡིན་ཞེས་བཤད། 

རྗེས་མར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་རིམས་ནད་འགོག་སྡོམ་དང་ཟོག་འགྲེམས་ཤར་བགྲོད་ལས་དོན་ལ་སྔར་བས་སྤྱི་འདོམས་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི“གང་འདོད་དུ་རིམས་འགོག་ཞིབ་བཤེར་ས་ཚིགས་བཙུགས་མི་ཆོག་པ་དང་། ཆ་རྐྱེན་དང་འཚམ་པའི་འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་འགྲོ་སྐྱོད་ལ་ཚོད་འཛིན་བྱེད་པ”སོགས་སྐོར་གྱི“མི་ཆོག་པ་དགུ”ཡི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན། དམིགས་སའི་རང་བཞིན་སྔར་བས་ཇེ་མཐོར་བཏང་ནས། རླངས་འཁོར་འགག་པ་དང་མི་སྣ་རང་སོར་ལུས་པར་སྔོན་འགོག་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།