ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་གློག་གཏོང་ལས་གྲྭ་སྐྲུན་འགོ་ཚུགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁྱེར་དུ་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་དུ་ཚུགས་པ་དང་བསྟུན་ནས་ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་ཆན་ཕུའུ་110ཟིན་པའི་གློག་གཏོང་ལས་གྲྭ་བདེ་བླག་ངང་སྐྲུན་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་ཟླ་11ཚེས་10ཉིན་ལས་མཇུག་འགྲིལ་རྒྱུ་རེད། ལས་གྲྭ་དེ་བསྐྲུན་ཟིན་རྗེས་གྲོང་ཁྱེར་དེའི་འདི་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་གློག་མཁོ་འདོན་གྱི་གནོན་ཤུགས་ཆུང་དུ་འགྲོ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་འོད་ཤུགས་ཆན་ཝ་ཁྲི་14+ཆུ་ཚོད་ཆན་ཝ་ཁྲི་14ཡི་ནུས་གསོག་རྣམ་གྲངས་ལ་མཆན་བཀོད་བཀའ་ལན་སྤྲད་པའི་ནང་འཇོ་མདའ་ཡུག་ཁུལ་གྱི་ལེ་ལག་ཚང་བའི་ཆན་ཕུའུ་110ཟིན་པའི་སྐུད་ལམ་གློག་གཏོང་གི་ཆ་ཤས་ཤིག་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིས་སྐྲུན་འགན་འཁུར་རྒྱུ་ཡིན་ཞིང་། ལས་གྲྭས་ཆན་ཕུའུ་110ཟིན་པའི་སྐུད་ལམ་སྤྱི་ལེ་6.2འཁྲིད་པ་དང་ལྕགས་སྒྲོམ་གློག་ཤིང་16འཛུགས་པ་དང་སྟབས་བསྟུན་མ་དངུལ་སྒོར་ཁྲི་1161གཏོང་རྩིས་ཡོད་པ་རེད། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་གང་ཐུབ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་རིམ་ཁག་སྲིད་གཞུང་དང་རིམས་འགོག་སྡེ་ཚན་དང་མཐུན་སྦྱོར་བྱ་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ཡོད། མིག་སྔར་འབྲེལ་ཡོད་སྡེ་ཚན་དང་ཚན་པའི་སྟོབས་ཤུགས་མཉམ་འདོན་གྱི་གཞོགས་འདེགས་འོག་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་དང་ལས་གྲྭར་མཁོ་བའི་དངོས་ཟོག་ཚང་མ་འཛུགས་སྐྲུན་བྱ་ཡུལ་དུ་འབྱོར་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།