ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་དུ་རིམས་ནད་འགོག་སྡོམ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས15ནས་ཚེས17ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉེན་ཆེའི་ཁུལ་དུ་ཕེབས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས།

བློ་བཟང་རྒྱལ་མཚན་སྔ་རྗེས་སུ་ཀརྨ་དགོན་གསར་ཁྲོམ་གཞུང་གཅིག་འཛུགས་སྡེ་ཁུལ་དང་། ལམ་བྱང་སྡེ་ཁུལ། འོ་བརྒྱལ་ཐང་སྡེ་ཁུལ་སོགས་སུ་ཕེབས་ནས། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་ལེན་དང་། མི་སྣ་སྒྱུར་སྐྱེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་འགག་སྒྲོལ་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། ཡུལ་བབ་དང་བསྟུན་པ་དང་རིམས་ནད་ཀྱི་གནས་ཚུལ་དང་བསྟུན་ནས་ཐབས་ཇུས་ལག་བསྟར་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་ནན་པོ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གནད་སྨིན་ཇུས་འདོན་དང་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། སྡེ་ཁུལ་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་ཞིབ་ཕྲ་བཟོ་བ། སྔོན་འགོག་དང་ཚོད་འཛིན་གྱི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ནས། ངེས་པར་དུ་གཞི་གྲངས་ཁ་གསལ་བ་དང་། གནས་ཚུལ་གསལ་པོ། ལས་འགན་གནད་འཁེལ། ཆོད་སེམས་བརྟན་པོ། བྱེད་ཐབས་ཏན་ཏིག་བཅས་ཡོང་བ་བྱེད་དགོས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་སྣ་སྒྱུར་སྐྱེལ་དང་། ཉིང་སྐྱུར་བརྟག་དཔྱད། གཙོ་གནད་ས་ཁོངས་ཀྱི་དུག་སེལ་སོགས་ལྷུ་ཚིགས་ཁག་གི་ལས་དོན་ཡག་པོ་བསྒྲུབས་ནས། ཉེན་ཁ་མི་མངོན་པའི་རྐྱེན་ངན་མེད་པ་བཟོ་དགོས་པ། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། “ཕྱོགས་བཞིའི་འགན་འཁྲི”ནན་དུ་གཏོང་བ། རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཐབས་ཇུས་འདོན་པ་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བཅས་བྱས་ནས། ངང་རྒྱུད་རིང་པོས་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་གཏུག་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་ཞིབ་ཚགས་བྱེད་དགོས།

ཀརྨ་དགོན་གསར་སྡེ་ཁུལ་གྱི་མཁོ་སྤྲོད་འགན་ལེན་ས་ཚིགས་གཅིག་རྗེས་གཉིས་མཐུད་དུ་སྒོ་ཕྱེ་བ་དང་ལས་དོན་མི་སྣས་ཁྱིམ་དུད་རེ་རེ་བཞིན་སྔོ་ཚལ་དང་མོག་མོག་སོཌ་སྐྱེལ་བཞིན་ཡོད། བློ་བཟང་རྒྱལ་མཚན་གྱིས་བསྒུགས་ནས་མི་སྡོད་པ་དང་གཞན་ལ་མི་བརྟེན་པར་གསར་གཏོད་རང་བཞིན་གྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་ཞུ་དང་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད། དེ་རྗེས་ད་དུང་སྡེ་ཁུལ་གྱི་བོགས་གཏོང་ཁང་པའི་སྒོ་རའི་ནང་ཕེབས་ཏེ། ངོ་ཐུག་གདོང་འཕྲད་ངང་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་དང་འཚམས་འདྲི་གནང་ལུགས་བརྒྱུད་སྤྲོད་གནང་བ་རེད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།