ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ནག་ཆུས་རྒྱང་བསྒྲགས་ནས་རིམས་འགོག་དྲིལ་བསྒྲགས་བྱས་པས་མི་སེམས་ལ་ཟུག་པོ་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་ཐོན་ཚུན། ནག་ཆུ་གྲོང་ཁྱེར་གྱིས་འཕྲལ་དུ་འཕྲལ་སྡོམ་རྒྱང་བསྒྲགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ“གཅིག་རེ་གསུམ”གྱི་ལས་ཀའི་ལམ་སྲོལ་ལ་བརྟེན་ནས་རྒྱང་བསྒྲགས་དྲིལ་བསྒྲགས་ཀྱི་ནུས་པ་བཏོན་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་ཁྱོན་ཡོངས་ལ་ཁྱབ་པ་དང་ཁུག་གསང་སྟོང་གསུམ་མ་ལུས་པ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་དེས་ཁུལ་ཆེན་ཡོངས་འཁོར་སྐྱོད་དང་གཞི་གཅིག་ཅན་གྱི་འཁོར་རྒྱུག་མཐའ་འཁྱོངས་བྱས་ཏེ། འཕྲལ་སྡོམ་རྒྱང་བསྒྲགས་ཆེད་དོན་ཚོགས་ཆུང་དང་འཕྲལ་སྡོམ་རྒྱང་བསྒྲགས་སྐྱེལ་འདྲེན་དང་སྲུང་སྐྱོང་ཆེད་དོན་ལས་སྒྲུབ་ཚོགས་ཆུང་བཙུགས་ནས། འཕྲལ་སྡོམ་རྒྱང་བསྒྲགས་ལས་དོན་མི་སྣ་1300ལྷག་ཙམ་སྐུལ་སློང་གིས《“རིམས་ནད”ཤེས་བྱ་སློབ་སྦྱོང》དང《རིགས་གཅིག་མཁས་ཅན་གྱིས་ཁྱེད་ལ་དྲན་སྐུལ་བྱས་པ》སོགས་ཀྱི་ཆེད་སྒྲིག་ལེ་ཚན་དང་དེ་བཞིན་ནག་ཆུའི་སྐད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་དང་། རིམས་ནད་ཀྱི་གནས་ཚུལ་གསར་ཤོས། ཉེན་ཁའི་ཁུལ་དབྱེ་ཚུལ་སོགས་ཀྱི་སྒྲ་ཕབ་ཧུར་ཐག་གློད་ནས“རྒྱང་བསྒྲགས”ཀྱི་སྒྲ་ཤུགས་དང་ལྡན་པའི་འགན་ལེན་བྱས་པ་དང་། ཀུན་འདུས་སྨྱན་སྦྱོར་ཀྱི་ནུས་པ་འདོན་པ་དང་མནན་མ་ཐག་སྤེལ་ཐུབ་པ་མཐའ་འཁྱོངས་བྱས་ནས་འཕྲལ་སྡོམ་རྒྱང་བསྒྲགས་ལས་སྟེགས་ཀྱི་བརྒྱུད་སྤེལ་བཀག་རྒྱ་ཧུར་ཐག་བསལ་བ་དང་། སྐད་འཕྲིན་གྱི་སྤྱི་རྟགས་དང་མཉམ་འདྲེས་སྨྱན་སྦྱོར་གྱི་འཁྱུག་དབྱིངས་སོགས་དྲ་རྒྱའི་སྨྱན་སྦྱོར་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་དྲིལ་བསྒྲགས་ཀྱི་འཐབ་ས་ཆགས་པར་བྱས་པ་མ་ཟད། སྐོར་སྐྱོད་དྲིལ་བསྒྲགས་ཚོགས་ཆུང་བཙུགས་ནས་ཁྲོམ་གཞུང་ཆེ་ཆུང་ཁག་ཏུ་སྐོར་སྐྱོད་དྲིལ་བསྒྲགས་ཐེངས་1210བྱས་པ། ཁྱོན་ཡོངས་ལ་ཁྱབ་པ་དང་དྲ་བ་གཅིག་ནས་རྒྱང་བསྒྲགས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་འཕྲལ་སྡོམ་རྒྱང་བསྒྲགས་ལས་སྟེགས་1318དང་འཕྲལ་སྡོམ་རྒྱང་བསྒྲགས་ཀྱི་དུད་སྣེ་13396ལ་དྲ་བ་གཅིག་ནས་དྲིལ་བསྒྲགས་བྱས་ཏེ་ཉིན་ལྟར་དུས་བཀག་བཞིན་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་དང་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་བརྒྱུད་བསྒྲགས་བྱས་ནས་དྲ་བ་གཅིག་ནས་མགྲིན་གཅིག་ལྟར་དྲིལ་བསྒྲགས་ཐུབ་པ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།