ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱི12345ཡི་སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱིས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀློག་པ་པོ་ཞིག་གིས་འདི་ག་ཚགས་པར་ཁང་ལ་ལྷ་ས་གྲོང་ཁྱེར་གྱི་12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ཤར་གཏོང་མི་ཐུབ་པའི་གནད་དོན་སྐོར་གླེང་སྐབས་གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བར་འབྲེལ་བ་བྱས་ནས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་པ་རེད།

ལྷ་ས་གྲོང་ཁྱེར་གྱི་12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་ཐོན་རྗེས་12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་འབྱོར་ཚད་མང་དུ་ཕྱིན་ནས་རྣམ་ཀུན་གྱི་ལྡབ་6ཟིན་པའི་ཁར་ཁ་པར་རྒྱག་མཁན་མང་ཚོགས་ཀྱི་རེ་ཞུའི་ནང་དོན་རྙོག་འཛིང་ཆེ་བས་ཁ་པར་རྒྱག་ཐེངས་རེའི་དུས་ཚོད་ཚོད་འཛིན་བྱེད་ཁག་པོ་ཡོད་རྐྱེན་ཁ་པར་མང་བའི་སྐབས་གྲལ་བསྒྲིགས་ཏེ་འབྲེལ་མཐུད་བྱེད་དགོས་ཀྱི་ཡོད། དེར་བརྟེན་ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ནུས་ཤུཌ་ཡོད་རྒུས་མཐུན་སྦྱོར་བྱས་ཏེ“10086”དང“10000”ཡི་འཛད་སྤྱོད་ཞབས་ཞུའི་ལས་སྒོའི་རྐང་འཛིན་པ་སྐོང་བསྡུ་བྱས་པ་དང་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱི་སྐར་ཁུང་ལས་དོན་མི་སྣ་དང་བླངས་པར་བསྡུས་ནས“ཚན་པ་དང་ཁྱིམ་སྡོད”ཀྱི་གཞུང་དོན་སྒྲུབ་སྟངས་ཐོག་ནས་ཐད་སྦྲེལ་ཁ་པར་ལྟེ་གནས་ལ་རོགས་སྐྱོར་བྱས་ཏེ་འབྲེལ་མཐུད་མི་སྣ་དེ་སྔའི་མི་20ནས་མི་47(དང་བླངས་པ་13ཚུད་པ)བར་མང་དུ་བཏང་བ་དང་། ལས་ཀ་བྱས་ནས་སྡོད་མཁན་དེ་སྔའི་མི་12ནས་20བར་མང་དུ་བཏང་བ་མ་ཟད། འབྲེལ་མཐུད་བྱེད་མཁན་གྱི་ཤེས་བྱའི་མཛོད་འཐུས་ཚང་དུ་བཏང་བ་དང་། ལན་འདེབས་ནང་དོན་ཚད་ལྡན་དུ་བཏང་བ། འབྲེལ་མཐུད་རྐྱང་པའི་ལས་ཕྱོད་ཆེ་རུ་བཏང་བ་བཅས་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་ཉིན་རྐྱང་པའི་འབྲེལ་མཐུད་ནུས་པ་དེ་སྔའི་500ལྷག་ཙམ་ནས་1800ལྷག་ཙམ་བར་མཐོ་རུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།