ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲིའི་སྨན་དོན་མི་སྣ100ཡིས་ལྷ་སའི་གཞིས་རྩེར་རིམས་ནད་འགོག་པར་རོགས་སྐྱོར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངགས་བཅོལ་ཟབ་མོ་དང་ལས་འགན་ཕྲག་ཏུ་འཁུར་ནས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བཞིན། ཟླ9པའི་ཚེས6ཉིན་ཉིང་ཁྲི་གྲོང་ཁྱེར་གྱི་སྨན་དོན་མི་སྣ100ཡིས་རིམས་ནད་འགོག་བཅོས་རོགས་སྐྱོར་གྱི་སྨན་བཅོས་རུ་ཁག་བཙུགས་ཏེ་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་ལ་རོགས་སྐྱོབ་བྱེད་མགོ་བརྩམས།

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་གཅིག་དང་ཕྱེད་ཀའི་ཐོག བཀའ་བབས་པ་དང་བསྟུན་སྨན་བཅོས་རུ་ཁག་གི་ཁོངས་མི་ཚོ་གོ་རིམ་ལྡན་པའི་ངང་རླངས་འཁོར་ནང་བུད་དེ་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་ཀྱི་རིམས་ནད་འགོག་སྡོམ་ལ་རོགས་སྐྱོར་བྱེད་པའི་ལས་དོན་ནང་ཞུགས་པ་རེད།

ཤེས་གསལ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་གྱི་སྨན་ཁང12ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། ཆབ་སྲིད་ཀྱི་བསམ་བློ་གཏིང་ཟབ་པ་དང་། ལུས་པོ་བདེ་ཐང་ཡིན་པ། ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཀྱི་རྐང་འཛིན་སྟོབས་ཤུགས་མགྱོགས་མྱུར་ངང་བདམས་ནས་དུས་ཐུང་ཐུང་ནང་སྨན་བཅོས་དང་ནད་སྐྱོང་། སྨན་ཁང་བཅས་ཀྱི་ཆེད་ལས་མི་སྣ100ཚུད་པའི་རིམས་ནད་འགོག་བཅོས་རོགས་སྐྱོར་གྱི་སྨན་བཅོས་རུ་ཁག་བཙུགས་ཏེ་རིམས་ནད་འགོག་སྡོམ་རོགས་སྐྱོར་ལས་དོན་ནང་ཞུགས་པ་རེད།

སྨན་བཅོས་རུ་ཁག་གི་ཁོངས་མིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་ཐོག་མར་བཞག་ནས། རང་ངོས་ཀྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཉམ་དུ་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་མི་དམངས་དང་ལྟ་རེས་སྐྱོང་རེས་དང་དཀའ་གནད་མཉམ་སེལ་གྱིས་རིམས་ནད་འགོག་སྡོམ་ཆེད་རང་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།