ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་རིམས་འགོག་ལྟ་སྐུལ་དྲ་རྒྱ་དམ་ཚགས་སུ་བཏང་།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་ཐོན་པ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ལག་ལེན་ཞིབ་བཤེར་བྱ་གཞི་གལ་ཆེན་ཞིག་དང་། ཐམས་ཅད་ལས་ལྷག་པའི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལྟ་སྐུལ་བ་དང་འཐབ་རྩོད་པ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས་ཡོད།

གང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་བྱས་ཡོད་ན་དེ་གར་ལྟ་སྐུལ་དང་ཞིབ་བཤེར་གྱི་ལས་དོན་སྤེལ་ཐུབ་པར་བྱས་ཤིང་། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས“ལྟ་སྐུལ་བྱེད་མཁན་གྱིས་བསྐྱར་དུ་ལྟ་སྐུལ་བྱེད་པའི”འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་ཏེ། ཁ་པར་ནས་དྲན་སྐུལ་བྱེད་པ་དང་། སྐད་འཕྲིན་ནས་བརྡ་ཐོ་གཏོང་བ། ལས་ཀའི་དྲན་སྐུལ་ཆ་འཕྲིན་སྤེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད། ལྟ་སྐུལ་བྱ་ཡུལ་ཚན་པའི་ཏང་རྩ་འཛུགས་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ཏན་ཏིག་འཁུར་མིན་ལ་ལྟ་སྐུལ་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་ལ་དམིགས་པ། ལྟ་སྐུལ་རྗེས་སྙེག་དང་། གནད་སྨིན་ལྟ་སྐུལ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བཅས་བྱས་ནས་ལྟ་སྐུལ་འགན་ལེན་གྱི་འགན་འཁྲི་ཏན་ཏིག་བསྒྲུབས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་བཀའ་རྒྱ་དང་འགན་འཁྲི་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཡོད།

འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ལྟ་སྐུལ་གྱི་གཙོ་གནད་དང་བྱེད་ཐབས་ཞིབ་ཕྲ་བཟོས་ནས། ལྟ་སྐུལ་བྱ་ཡུལ་སྡེ་ཚན་གྱི་ཏང་ཨུད(ཏང་ཙུའུ)ཀྱིས་རིམས་འགོག་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་འཕྲལ་མར་ལྟ་སྐུལ་བྱས་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་དང་ནུས་ལྡན་བྱས་མིན་ལ་ཞིབ་བཤེར་བྱས་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས“མིག་དཔེ་དྲུག”གི་ནུས་པ་འདོན་ཐུབ་མིན་ལ་ལྟ་བ། དགོས་པའི་ལས་མི་བྱེད་པ་དང་། ལས་དོན་མགྱོགས་པོ་མི་སྒྲུབ་པ། མི་དགོས་པའི་ལས་རྙོག་བཟོ་བ་བཅས་དང་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། ཁྲལ་སེལ་སླ་བཅོས། དཔའ་ཞུམ་ནས་མདུན་དུ་སྐྱོད་མི་ཕོད་པ། ལས་གནས་ནས་རང་དགར་ཁ་བྲལ་བ་སོགས་ཀྱི་གནད་དོན་ལྷག་མིན་ལ་ལྟ་བ། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལས་གྲུབ་པའི་མཉམ་འབྲེལ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་25འཐབ་ས་དང་པོར་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་དང་། ཉིང་སྐྱུར་བརྟག་དཔྱད། ཁྲོམ་རའི་མཁོ་སྤྲོད་འགན་ལེན་སོགས་ཕྱོགས་5ཡི་གནད་དོན་ལ་གཙོ་གནད་ཐོག་དམིགས་ཏེ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ། གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་གྲོང་ཨུད་ལྟ་ཞིབ་ཁང་དང་གྲོང་ཨུད་རྩ་འཛུགས་པུའུ་སོགས་ཚན་པ་དང་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་11བཙུགས་ནས་གཙོ་གནད་མི་སྣར་དོ་དམ་ཚོད་འཛིན་དང་། རིམས་དཔྱད་ཁུངས་འདེད། ཉིང་སྐྱུར་བརྟག་དཔྱད་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་རྫོང་དང་ཆུས་ཁག་དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་ཁག་ཏུ་བསྐྱོད་དེ“གཤམ་སྐྱོད་རྣམ་པ”དང“ཕྲ་བཏབ་པ་ལྟ་བུའི”ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་དང་ཆབས་ཅིག རྫོང་ཁག་ཏུ་ལས་དོན་སྤེལ་མཁན་གྱི་སྐོར་ཞིབ་ཚོགས་ཆུང་དག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་སུ་འགྱུར་བར་བྱས་ནས། ས་གནས་དེ་གའི་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།