ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་རིམ་པའི་རིམས་འགོག་དངོས་ཟོག་གྲབས་གསོག་བཀོད་གཏོང་བྱས་ཚུལ་ལ་བརྟག་ཞིབ་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུས་ལས་ཀྲུའུ་ཞི་གཞོན་པ། དངོས་ཟོག་འགན་ལེན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཤའོ་ཡིའུ་ཚའེ་བོད་ལྗོངས་ས་མཐོའི་བཟའ་བཅའ་གྲང་ཕྲེང་ཟོག་འགྲེམས་ས་ཚིགས་དང་། མཐོ་གསར་ཁུལ་ཚད་ལྡན་བཟོ་གྲྭའི་མཛོད་ཁང་དུ་ཕེབས་ནས་རང་སྐྱོང་ལྗོངས་རིམ་པའི་རིམས་འགོག་དངོས་ཟོག་གྲབས་གསོག་བཀོད་གཏོང་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་བྱ་ཡུལ་དུ། ཤའོ་ཡིའུ་ཚའེ་ཡིས་ཉིང་སྐྱུར་ཞིབ་བཤེར་ཚོད་ལྟའི་སྨན་རྫས་དང་། སྨན་སྤྱོད་འགོག་སྲུང་ཁ་རས། འགོག་སྲུང་གྱོན་ཆས་སོགས་དངོས་རྫས་མཛོད་འཇུག་དང་བགོ་འགྲེམས་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། དངོས་ཟོག་སྤེལ་གཏོང་བྱེད་པའི་ལྷུ་ཚིགས་ཁག་གི་བརྒྱུད་རིམ་ཤེས་རྟོགས་གནང་བ་དང་། རྒྱུན་དྲོད་མཛོད་དང་གྲང་ཕྲེང་མཛོད་སོགས་དངོས་ཟོག་གྲབས་གསོག་བྱེད་ཚད་དང་མཐའ་འཁོར་གྱི་ཁོར་ཡུག་སོགས་ལ་གཟིགས་ཞིབ་གནང་བ། གཞིས་རྩེ་གྲོང་ཁྱེར་གྱི་དངོས་ཟོག་གཏོང་འདྲེན་གྱི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་དངོས་ཟོག་འགན་ལེན་མི་སྣར་འཚམས་འདྲི་ཡང་ཞུས་པ་རེད།

ཤའོ་ཡིའུ་ཚའེ་ཡིས། ཚད་མཐོའི་མཐོང་ཆེན་བྱས་ཏེ་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩི་བ་དང་། དངོས་ཟོག་སྤྱོད་ཚད་ཀྱི་ཚད་གཞི་གནད་འཁེལ་ཚོད་རྩིས། སྐབས་བསྟུན་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ། ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་གྲབས་གསོག་བཀོད་གཏོང་བཅས་བྱས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་སྤུས་འབོར་གཉིས་ལྡན་གྱིས་རིམས་འགོག་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱེད་དགོས། སྒྲིག་འཛུགས་གཟབ་ནན་བྱས་ཏེ་འགག་རྩའི་ལྷུ་ཚིགས་ལ་དོ་སྣང་ཆེན་པོ་བྱེད་དགོས། དཀོན་རིགས་འགན་ལེན་དང་། གཙོ་གནད་འགན་ལེན། འགག་རྩ་འགན་ལེན་བཅས་མཐའ་འཁྱོངས་ཀྱིས་གཅིག་གྱུར་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་དང་། གྲབས་གསོག་བཀོད་གཏོང་གི་ལྷུ་ཚིགས་ཁག་ལ་དམ་འཛིན་ནན་པོ། བཀག་སྡོམ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དངོས་ཟོག་མཁོ་སྤྲོད་བདེ་འཇགས་དང་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཤེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།