ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བྲག་ཡིབ་ཆུས་ཀྱིས་སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་གྱི་གློག་རྡུལ་ཚད་ལོན་ལག་ཁྱེར་སྤྱོད་འགོ་ཚུགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོཌ་བྱུང་བར། ལྗོངས་ཡོངས་སུ“སྲོག་ཆགས་སྐྱེལ་འདྲེན་ལྟ་འདོམས”མ་ལག་བཀོལ་སྤྱོད་དང་སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་གྱི་གློག་རྡུལ་ཚད་ལོན་ལག་ཁྱེར་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱིས“སྲོག་ཆགས་སྐྱེལ་འདྲེན་ལྟ་འདོམས”མ་ལག་སྔོན་ལ་སྤྱོད་འགོ་བཙུགས་པ་དང་བྲག་ཡིབ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་གཞུང་ཕྱོགས་ཀྱི་ཕྱུགས་རིགས་སྨན་པས་མ་ལག་དེ་སྤྱད་ནས་རིམས་ནད་ཞིབ་བཤེར་བྱེད་པ་དང་འབྲེལ། 《སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་གྱི་ཚད་ལོན་ལག་ཁྱེར》གྱི་དཔང་འདོན་ལས་དོན་སྤེལ་བ་དེ་ཐོན་སྐྱེད་བྱ་ཡུལ་གྱི་རིམས་ནད་ཞིབ་བཤེར་དང་། བཤས་གཏོང་གི་རིམས་ནད་ཞིབ་བཤེར། ཁག་བགོས་བྲིན་ཚོང་གི་ལག་ཁྱེར་བརྗེ་བ་སོགས་ཀྱི་ལྷུ་ཚིགས་དང་འབྲེལ་བ་ཡོད།

ས་གནས་ས་ཐོག་གི་རིམས་ནད་ཞིབ་བཤེར་གྱི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གློག་རྡུལ་གྱི“སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་གྱི་ཚད་ལོན་ལག་ཁྱེར”ཁྱབ་གདལ་བཏང་བ་ལས། སྔོན་ཆད་རིམས་ནད་ཞིབ་བཤེར་གྱི་ལག་ཁྱེར་བཟོ་སྐབས་ཚད་ལྡན་མེད་པ་དང་། ཡིག་ངོ་ཆོད་དཀའ་བ། འབྲི་སུབ་གཏོང་སླ་བ་སོགས་ཀྱི་གནད་དོན་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་སྟེ། རིམས་ནད་ཞིབ་བཤེར་གྱི་ལག་ཁྱེར་རྫུན་མ་བཟོ་བ་དང་ལག་ཁྱེར་ཉོ་ཚོང་བྱེད་པ་སོགས་ཀྱི་སྣང་ཚུལ་གཏན་འགོག་ནུས་ལྡན་ཐུབ་པ་མ་ཟད། རིམས་ནད་ཞིབ་བཤེར་གྱི་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན་ཡོད་པ་རེད། ད་ཆ་ཆ་འཕྲིན་སྔོན་ནས་ཕབ་འཇུག་བྱས་རྗེས། སྐར་མ་གཅིག་ཀྱང་མི་དགོས་པར་ཚད་ལོན་ལག་ཁྱེར་ལེན་ཐུབ་ཀྱི་ཡོད་པ་རེད།

གཞན་ཡང་གློག་རྡུལ་གྱི“སྲོག་ཆཌ་ཀྱི་རིམས་ནད་ཞིབ་བཤེར་གྱི་ཚད་ལོན་ལག་ཁྱེར”བཟོས་རྗེས། རིམས་ནད་ཞིབ་བཤེར་ཚད་ལོན་ལག་ཁྱེར་གྱི་ཨང་རྟགས་བླུགས་ཚེ་འཛད་སྤྱོད་པས་དེའི་ཁུངས་འདེད་ཐུབ་ལ། ལྟ་འདོམས་སྡེ་ཚན་གྱིས་ཀྱང་དེའི་ཁུངས་འདེད་ཐུབ་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།