ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་རྟོག་ཞིབ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : པ་ཚེས་བསྒྱུར།པ་ཚེ་དང་དཀོན་སྒྲོལ་གྱིས་ཞུས   སྤེལ་དུས། : 2022-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་རྟོག་ཞིབ་བྱས་པ།

ཞུས་ཆིན་དང་། ཝང་ཅུན་ཀྲེང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཧོང་ཅན་ཧྲེང་། ཀྲོང་ཡན་བཅས་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས6ནས་ཚེས8ཉིན་བར། ཧེ་ལུང་ཅང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཞུས་ཆིན་གྱིས་ཧེ་ལུང་ཅང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད།

ཚེས6ཉིན་གྱི་དགོང་མོ། ཧེ་ལུང་ཅང་དང་བོད་ཀྱི་ཁ་གཏད་རོགས་སྐྱོར་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་དང་། བློ་བཟང་རྒྱལ་མཚན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཡན་ཅིན་ཧའེ་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཧེ་ལུང་ཅང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧོང་ཅན་ཧྲེང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ལའེ་ཅའོ། ཟླ་བ་ཚེ་རིང་། ཀྲང་ཡན་ཆིང་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་འགོ་ཁྲིད་ཧྲེན་དབྱིང་དང་ཝང་ཀྲའོ་ལི་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

ཝང་ཅུན་ཀྲེང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ། བོད་ཀྱི་ལས་དོན་སྐོར་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”བོད་ཀྱི་ལས་དོན་གྱི་འཐབ་ཇུས་ལས་འགན་ལ་བརྩི་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་སྟེ་བོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། མིག་སྔར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྐྱོད་བཞིན་ཡོད། ཧེ་ལུང་ཅང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་པོའི་མཉམ་ལས་བྱེད་རྒྱ་ཆེ་བ་དང་། མདུན་ལམ་བཟང་བ། བྱེད་རིན་ཆེ་བ་བཅས་ཡོད། ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཧེ་ལུང་ཅང་གི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ། ལས་དོན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། བོད་སྐྱོར་ལས་བྱེད་པར་སེམས་ཁུར་བྱེད་པ། བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་དང་བྱ་སྤྱོད་དངོས་ལ་སྒྱུར་བ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞུས་ཆིན་གྱིས། ཧེ་ལུང་ཅང་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཧེ་ལུང་ཅང་གི་མི་དམངས་ཁྲི་ཚོ་3100ལྷག་ཙམ་བཅས་ཀྱི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་དང་། དེ་བཞིན་གཞིས་རྩེ་གྲོང་ཁྱེར་གྱིས་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད།

ཞུས་ཆིན་གྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་དམིགས་ཏེ་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཧེ་ལུང་ཅང་ལ་དཀྲིས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། འགོ་འཛུགས་ས་གསར་པ་ནས་ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་དངོས་ཡོད་ཞིབ་དཔྱད་ལ་བརྩི་བ། བོད་ཀྱི་དགོས་མཁོ་དེ་རོགས་སྐྱོར་ལས་དོན་གྱི་འབད་བརྩོན་ཁ་ཕྱོགས་དང་ལས་ཀའི་གཙོ་གནད་ལ་བརྩི་བ། བརྩེ་བ་ཟབ་མོས་བོད་སྐྱོར་དང་། ཚན་རིག་དང་མཐུན་པའི་བོད་སྐྱོར། རྒྱུན་མཐུད་བོད་སྐྱོར་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་། རིག་སྟོབས་བོད་སྐྱོར་དང་། ལས་ཞུགས་བོད་སྐྱོར། ཐོན་ལས་བོད་སྐྱོར། དམངས་འཚོ་བོད་སྐྱོར་བཅས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ལས་རིགས་ལག་རྩལ་སློབ་གླིང་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། འབྲུ་རིགས་མཁོ་སྤྲོད་འགན་ལེན་གྱི་ཤར་བགྲོད་ལམ་སྲོལ་འཛུགས་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་གསར་པ་དངོས་འབྲེལ་ཚོར་ཐུབ་པ་བྱེད་རྒྱུ་ཡིན། ཁྱབ་ཁོངས་མང་པོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་གནས་གཉིས་པོའི་དགེ་མཚན་ཆེ་རིགས་འདོན་པ། ཞིང་འབྲོག་ལས་དང་། ཐོན་ལས་གླིང་། སྐྱེ་དངོས་ལག་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ནས་ཀྱི་སོན་བཟང་བེད་སྤྱོད་དང་། འདེབས་འཛུགས་བྱེད་སྟངས་ཁྱབ་གདལ་དང་ལས་སྣོན་ཞིབ་ཚགས་བྱེད་པ། ཇོ་མོ་གླང་མའི་རིག་གནས་བློ་གསར་ཐོན་ལས་གླིང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྐྱེ་དངོས་དཔལ་འབྱོར་ཁེ་ལས་དང་མཉམ་ལས་རྣམ་གྲངས་དོན་འཁྱོལ་བྱེད་པ། མཉམ་ལས་གཉིས་ཁེ་གཉིས་ཕན་ཡོང་བ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་འོད་སྟོང་འཕྲོ་བའི་གྲུབ་འབྲས་འཐོབ་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

བོད་དུ་བཞུགས་རིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པས་པེ་ཏ་ཧོང་ཚོགས་པའི་ནས་ཚད་ལྡན་ཅན་གྱི་འདེབས་འཛུགས་དཔེ་སྟོན་ཁུལ་དང་། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་བློ་གསར་ཐོན་ལས་གླིང་། གཞིས་རྩེའི་ལུང་ཡོན་ཐང་ཆེན་སོགས་ཀྱི་རོགས་སྐྲུན་རྣམ་གྲངས་ལ་རྟོག་ཞིབ་བྱས་པ་དང་འབྲེལ། ཧེ་ལུང་ཅང་གི་བོད་སྐྱོར་ལས་བྱེད་པའི་ལས་ཤག་ཏུ་བསྐྱོད་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་འཚམས་འདྲི་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།