ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་ཆུ་ལམ་གྱི་གད་སྙིགས་གཙང་སེལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆུ་ལམ་དོ་དམ་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཆུ་ལམ་ཉེ་འཁོར་གྱི་ཁོར་ཡུག་ལེགས་སུ་གཏོང་བ། ཆུ་བོ་དྭངས་གཙང་གི་སྐྱེ་ཁམས་ཁོར་ཡུག་གཏོད་པ་བཅས་བྱ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཆུ་བེད་ཅུས་ཀྱིས་ཆུ་ལམ་གཙང་སྦྲ་བ་12གདན་དྲངས་ནས་ཁ་རུབ་ཆུས་ཀྱི་ཆུ་ལམ་གཙོ་བོར་གཙང་སྦྲ་བྱེད་པའི་ལས་དོན་སྤེལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཆུ་འགྲོ་ཤར་གཏོང་དང་། ཆུ་མོ་དྭངས་གཙང་། ཡུལ་ལྗོངས་མཛེས་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

ཆུ་ལམ་གཙོ་བོའི་གཙང་སྦྲ་བས་གཙང་བཙོག་ལ་མི་འཛེམས་པ་དང་ངལ་དུབ་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ནུས་ཤུགས་ཡོད་རྒུ་བཏོན་ནས་གཙང་སྦྲ་བྱས་ཤིང་། ཁོང་ཚོས་ལག་ཆ་སྣ་ཚོགས་འཁྱེར་ནས་ཆུ་གཡེང་དངོས་པོ་དང་གཙང་པོའི་འགྲམ་གྱི་གད་སྙིགས་གཙང་སེལ་ཧུར་ཐག་བྱས་ཡོད། ཆུ་ཚོད་ཁ་ཤས་ལས་ཀ་ཧུར་ཐག་བྱས་པ་བརྒྱུད། ཆུ་སྟེང་གད་སྙིགས་དང་ཆུ་ངོགས་ཀྱི་གད་སྙིགས་གཙང་སེལ་བྱས་པས་ཁ་རུབ་ཆུས་ཀྱི་ཆུ་ལམ་དང་ཆུ་ངོགས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཏེ་ཆུ་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།

གཙང་སྦྲ་བ་ཚོས་སླད་ཕྱིན་མུ་མཐུད་ལས་ཀ་ཧུར་ཐག་བྱས་ནས་མང་ཚོགས་ལ་གཙང་སྦྲ་ལྡན་པའི་འཚོ་བའི་ཁོར་ཡུག་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཆུ་ལམ་གཙང་སེལ་ལས་དོན་སྤེལ་བའི་ཆུ་ལམ་རིང་ཚད་སྨི་8600ཟིན་པ་དང་། ཆུ་ལམ་རྒྱུད་ཀྱི་གད་སྙིཌ་ཏུན་8གཙང་སེལ་བྱས་པ། ཆུ་ལམ་རྒྱུད་ཀྱི་གད་སྙིཌ་གཙང་སེལ་བྱེད་མཁན་མི་ཐེངས་36ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།