ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྟོབས་ཤུགས་སྦྱིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ཤར་ཚུན་ལྷ་ས་གྲོང་ཁྱེར་གྱིས་ཇུས་གཞི་དང་བྱ་ཐབས་འདོན་པ་དང་། ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་གཏོང་བ། ལས་གནས་དང་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་སྤེལ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཞིང་འབྲོག་ལས་ཐོན་སྐྱེད་ཚོང་གཉེར་གྱི་ཤེས་ལྡན་མི་སྣ་དང་། ཞིང་འབྲོག་ཁུལ་གྱི་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣ། ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཤེས་ལྡན་མི་སྣ། གྲོང་གསེབ་བཅོས་སྐྱོང་གི་ཤེས་ལྡན་མི་སྣ། ཞིང་འབྲོག་ལས་ཚན་རྩལ་གྱི་ཤེས་ལྡན་མི་སྣ་བཅས་ཤེས་ལྡན་མི་སྣའི་དཔུང་ཁག་རིགས་ལྔ་འཛུགས་སྐྱོང་དང་གསོ་སྦྱོང་བྱ་རྒྱུ་གཙོ་བོར་བཟུང་ནས། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱས་ཡོད།

རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུ་འདེགས་སྐྱོར་དུ་བྱས་ནས་དགོས་མཁོར་དམིགས་ཏེ་གསོ་སྦྱོང་ལ་དམ་འཛིན་བྱས་པ། ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་2022ལོའི་གཙོ་གནད་ཐོན་ལས་ལས་རིགས་རྩལ་ནུས་གསོ་སྦྱོང་དགོས་མཁོའི་སློབ་སྟོན་དཀར་ཆག》བཀྲམ་པ་དང་། དྲ་ཐོག་སྔོན་མངགས་རླངས་འཁོར་གྱི་ཁ་ལོ་བ་དང་། འཐུང་བྱ་སྦྱོར་རྟ་བྱེད་མཁན། རླངས་འཁོར་བདག་སྐྱོང་བཟོ་པ། གཏེར་འདོན་བཟོ་པ། ཀྲུང་ལུགས་སྨན་རྫས་གསོ་བཅོས་པ་སོགས་ལས་རིགས་གསར་པ་16ཐོ་འགོད་བྱས་པ། “ལས་སྤྲོད་ཚབ་སྦྱོང”དང“ཕྱོགས་ངེས་མངགས་ཐོ”ཡི་གསོ་སྦྱོང་བྱ་ཐབས་མུ་མཐུད་སྤྱད་དེ། ལྗོངས་ཡོངས་ཀྱི་དུས་ཐེངས་དང་པོའི་དྲ་རྒྱའི་སྙན་སྒྲོན་པ་དང་དྲ་ཐོག་སྔོན་མངགས་རླངས་འཁོར་གྱི་ཁ་ལོ་བ་གསོ་སྦྱོང་བྱས་ནས། གསོ་སྦྱོང་དང་ལས་ཞུགས་འབྲེལ་མཐུད་ནུས་ལྡན་ཐུབ་པར་བྱས་ནས་ལས་ཞུགས་དང་ལས་གནས་བརྟན་པོའི་ངང་མཐོ་རུ་བཏང་ཡོད། འདི་ལོ་ཤར་ཚུན་གྲོང་ཁྱེར་ཡོངས་ཀྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་དུས་ཐེངས་131བྱས་པའི་ནང་མི་5490ཞུགས་ཡོད།

གནས་སྒྱུར་ལས་ཞུགས་འབབ་འཕར་ཡོང་རྒྱུ་དམིགས་ཚད་དུ་བྱས་ནས་ཐབས་ལམ་རྒྱ་སྐྱེད་ཀྱིས་ལས་མི་བསྡུ་བར་དམ་འཛིན་བྱས་པ། ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་གནས་སྒྱུར་ལས་ཞུགས་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ། ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཞབས་འདེགས་ཞུ་སྟངས་ལེགས་སུ་བཏང་བ། ཞབས་ཞུའི་སྟེགས་བུ་བསྐྲུན་པ་བཅས་ལས་ཞུགས་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཡོད།

གཙོ་གནད་མི་ཚོཌ་ཀྱི་ལས་གནས་བརྟན་པོ་ཡོང་རྒྱུ་སྔོན་འགྲོར་བྱས་ནས་གནད་འཕིགས་ཇུས་འདོན་གྱིས་རོགས་སྐྱོར་ལ་དམ་འཛིན་བྱས་པ། ལྷ་ས་གྲོང་ཁྱེར་གྱིས་དབུལ་སྒྲོལ་མི་འབོར་དང་མཐར་ལུས་ཀྱི་དབུལ་པོ་ཆགས་སླ་བའི་མི་འབོར་གྱི་ལས་གནས་དང་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་གནས་བབ་མངོན་གསལ་དོད་སར་བཞག་སྟེ། ས་བབ་ཤིན་ཏུ་མཐོ་ཁུལ་གྱི་སྐྱེ་ཁམས་གནས་སྤོ་དང་། ཆབ་མདོ“ས་ངན”ཡུག་ཁུལ་གྱི་གནས་སྤོ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་གནས་སྤོས་མང་ཚོཌ་ཀྱི་ལས་ཞུཌ་རོགས་སྐྱོར་ལས་དོན་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།