ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་བོད་ལྗོངས་ཀྱི་ལས་ཞུགས་གནས་བབ་བརྟན་ཐོག་ལེགས་འཕེལ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8644ebf81a4c510f8d55d11e59909f27d52aa570.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ལོ་སྟོད་ཀྱི་བོད་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་རེད། ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་རྙོག་འཛིང་ཆེ་བའི་དཀའ་གནད་ཀྱི་མདུན་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་བརླིང་ངང་འཕར་བ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། དེའི་ནང་ལས་ཞུགས་ཀྱི་གནས་བབ་བརྟན་ཐོག་ལེགས་འཕེལ་བྱུང་བ་དང་ལོ་སྟོད་དུ་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི2.2ལས་ཞུགས་གསར་འཕར་བྱུང་བ་དེ་དུས་མཉམ་ལས1.9%འཕར་ཡོད།

ལས་ཞུགས་འདི་ཉིད་ཕྱོགས་གཅིག་ནས་མང་ཚོགས་དུང་ཕྱུར་མང་པོ་དང་འབྲེལ་བ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྦྲེལ་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའམ་ཧྲིའུ་ཏི་ཆང་ལས་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཡི་ལས་རོགས་པ་ཡུས་ཏུང་གིས་བཤད་པ་ལྟར་ལས་ཞུགས་དེ་ཁེ་ལས་ཀྱི་གཉེར་སྐྱོང་དང་སྤྱི་ཁོག་དཔལ་འབྱོར་ལ་འབྲེལ་བ་ཡོད་པ་དང་ཆབས་ཅིག ཁྱིམ་ཚང་ཁྲི་སྟོང་མང་པོ་དང་དམངས་འཚོའི་སྐྱིད་སྡུག་ལའང་འབྲེལ་བ་ཡོད་པས། ལས་ཞུགས་བརྟན་པོ་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཁྲོད་འབུར་ཐོན་གྱི་གོ་གནས་སུ་བཞག་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ། ལས་ཞུགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་སྔོན་ལ་འཇོག་པའི་གནས་བབ་དུ་བཞག་ནས། དམངས་འཚོའི་ལས་གཞི་དང་། དམངས་སེམས་ལས་གཞི། གཞི་རྩའི་ལས་གཞི་ཆེ་ཤོས་སུ་བརྩིས་ནས། ལས་ཞུགས་ཐད་འཐབ་ཇུས་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་བར་གྱི་འགྱུར་ལྡོག་ཆེན་པོ་མངོན་འགྱུར་བྱུང་ཡོད། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པ་དང་རྒྱལ་ཡོངས་ས་གནས་ཁག་གིས་བབ་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བཏང་བ་བརྒྱུད། ཁྲོམ་རའི་བདག་གཉེར་བ་དང་ལས་ཞུགས་བརྟན་པོ། དམངས་འཚོ་འགན་ལེན་བཅས་བྱས་ཡོད།སྤྱིའི་ཆ་ནས་བལྟས་ཚེ། བོད་རང་སྐྱོང་ལྗོངས་ཚུད་པའི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ཚང་མ་ལེགས་འགྲུབ་ཡག་པོ་བྱུང་ཡོད་ཅིང་། གྲུབ་འབྲས་དེ་དག་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་ལྷག་པར་དུ་ལས་ཞུགས་ཐད་ཧང་སངས་དགོས་པའི་རྣམ་པ་གཏད་ཡོད། བོད་ལྗོངས་ལ་དཔེ་བཞག་ན། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཟླ6པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཁྲོམ་རའི་བདག་གཉེར་བ་དངོས་ཡོད་ཐོ་འགོད་བྱེད་མཁན་ཁྲི42.67ཟིན་པ་དང་། དེ་དུས་མཉམ་ལས10.7%འཕར་ཡོད། དེའི་ནང་ཟླ6པར་ཁྲོམ་རའི་བདག་གཉེར་བའི་ཐོ་འགོད་དུད་ཚང་དུས་མཉམ་ལས3.2%འཕར་བ་དང་། ལས་ཞུགས་ཀྱི་གནས་བབ་བརྟན་ཐོག་ལེགས་འཕེལ་བྱུང་ཡོད།

ད་ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཁྱབ་བསྒྲགས་བྱས་པའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང“ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ”དེ2022ལོར་དམངས་འཚོའི་ལས་གཞི་ཆེན་པོ་བཅུ་ལག་བསྟར་གཏིང་ཟབ་བྱེད་པའི་དང་པོར་གྱུར་ཡོད། སྙན་ཞུའི་ནང་མངོན་པ་ལྟར་ན། “N+3”ལས་གནས་འོས་སྦྱོར་བྱ་ཐབས་གཏིང་ཟབ་ཏུ་གཏོང་བ་དང་། ལོ་འདིའི་མཐོ་སློབ་མཐར་ཕྱིན་སློབ་མ་5000ཁེ་ལས་སུ་ལས་ཞུགས་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པ། ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་ཚད10%ཡན་དང་སྤྱིའི་ལས་ཞུགས་ཐུབ་ཚད95%ཡན་ལ་སླེབས་པར་འགན་ལེན་བྱ་རྒྱུ་རེད། ལག་རྩལ་བྱང་ཆུབ་པའི་ལག་རྩལ་བཟོ་པ500གསོ་སྦྱོང་བྱེད་པ་དང་། རོང་འབྲོག་པ་མི་ཁྲི10ལ་རྩལ་ནུས་གསོ་སྦྱོང་བྱེད་པ། རོང་འབྲོག་པ་ཁྲི60ཡན་སྤོ་སྒྱུར་ལས་ཞུགས་ཐུབ་པ། ངལ་ནུས་ཕྱིར་གཏོང་བྱེད་ཚད་མི་ཁྲི36ཟིན་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར50ཡན་དུ་ཟིན་པ་བཅས་མངོན་འགྱུར་བྱུང་དགོས།

བོད་ལྗོངས་སུ་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། གངས་ལྗོངས་མཐོ་སྒང་གི་དམིགས་བསལ་གནས་ཚུལ་ལ་གཞིགས་ཏེ་རང་ངོས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ལ་འཚམ་པའི་བྱ་ཐབས་བཟོས་ཡོད།

ད་ལོའི་ཟླ6པར། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་ཀྱིས་ཐུན་མོང་ཐོག“ལག་གདང་སྦྲེལ་ནས་མདུན་སྐྱོད་དང་། མཉམ་དུ་བདེ་སྐྱིད་འབྱུང་འགྱུར་བཏོད”ཅེས་བརྗོད་གཞིར་བྱས་པའི་བོད་ལྗོངས་ལིན་ཧྥུན་ཁེ་ལས་ཚོགས་པའི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་དང་བོད་ལྗོངས་ལིན་ཧྥུན་རིག་ནུས་ཟོག་འགྲེམས་གླིང་གི་སྒོ་འབྱེད་མཛད་སྒོ་བསྡུས་པ་རེད། ཤེས་གསལ་ལྟར་ན། བོད་ལྗོངས་ལིན་ཧྥུན་རིག་ནུས་ཟོག་འགྲེམས་ཚད་ཡོད་ཀུང་སིས་ཚོང་འགུགས་དངུལ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་བརྒྱུད་མ་དངུལ་སྒོར་དུང་ཕྱུར2.63ནང་འདྲེན་བྱས་ཤིང་། དེས་སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། ད་དུང་ལས་གནས་སྔར་བས་མང་བོ་མཁོ་འདོན་བྱས་ཡོད།

ཉེ་སྔོན། བོད་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་ཞབས་ཞུ་བྱ་ཡུལ་གྱི་སྲིད་ཇུས་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ།《ལས་ཞུགས་ལས་གཏོད་ཀྱི་དམངས་ཕན་སྲིད་ཇུས་དུད་ཚང་ཁྲི་ལ་བསྐྱོད་པ་ཞེས་པའི་དེབ་དམར་པོ》བཟོས་ནས། སྤུས་ཚད་མཐོ་བའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་ཞུགས་ལས་གཏོད་ཞབས་ཞུའི་དགོས་མཁོ་སྔར་བས་བསྐངས་ཡོད།

ད་ལོར། བོད་ལྗོངས་ཀྱིས《ལྗོངས་ཡོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག》བཏོན་པ་རེད། སྤྱི་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་སྡེ་ཁག་གིས་ལས་གནས72178བསྡུ་རུབ་བྱས་པ་དེ་དུས་མཉམ་ལས2.2%འཕར་བ་དང་། ལྷག་པར་དུ་སྤུས་ལེགས་ལས་གནས་སྔོག་འདོན་བསྡུ་རུབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗོངས་ནང་ཁུལ་དུ་གཞུང་ལས་པའི་ལས་གནས5232དང་། ལྗོངས་ནང་ཁུལ་གྱི་རྒྱལ་དབང་ཁེ་ལས་ཀྱི་ལས་གནས2237། བོད་ལྗོངས་སུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་ཁེ་ལས་ཀྱི་ལས་གནས3231བཅས་སྤྱི་བསྒྲགས་བསྡུ་རུབ་བྱས་ཡོད།

ད་ལོའི་ལོ་སྟོད་ཀྱི་བོད་ལྗོངས་ཀྱི་ལས་ཞུགས་གནས་བབ་ལས་རིམ་པ་སོ་སོའི་སྡེ་ཁག་གིས་ཕྱོགས་མང་པོ་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་བ་དང་། ཁྲོམ་ར་ཅན་གྱི་ལས་ཞུགས་ཀྱི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་བ། ལས་ཞུགས་ཐབས་ལམ་ཤར་བགྲོད་བརྟན་པོ་ཡོང་བར་འགན་ལེན་བྱས་པ་བཅས་མཐོང་ཐུབ། མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་ལས་གཞི་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།